བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ཤིང་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལ་སྒོ་དབྱེ་བྱས།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས9ཉིན་གྱི་སྔ་དྲོར།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་ཚོགས་འདུ་འཚོགས་ཏེ་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་ཀྱི་སྙན་སྒྲོན་ལ་ཞིབ་བཤེར་བྱས་པ་དང་འདེམས་ཤོག་ལྟ་ཞིབ་པ་འོས་འདེམས་བྱས་པ་རེད།  ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་ཐེངས་འདིའི་ཚོགས་འདུ་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལ་སྒོ་དབྱེ་བྱས་པ་དང་།  མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཤིན་ཧྭ་གསར་འགྱུར་ཁང་།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས།  ཧྥ་རན་སིའི་གསར་འགྱུར་ཁང་།  ཤང་ཀང་མིང་པའོ་ཚགས་པར་སོགས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར48ཀྱི་གསར་འགོད་པ89བཅར་འདྲིར་སླེབས་ཡོད། 

བོད་ལྗོངས་འཐུས་མི་ཚོགས་པའི་ཚོགས་གཙོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པད་མ་འཕྲིན་ལས་དང་།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་གཡུང་ཅུན་བཅས་ཚོགས་འདུར་ཕེབས་པ་དང་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ་རེད།

2.jpg

ཝུའུ་དབྱིང་ཇེ་ནས་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་དང་ནག་ཆུ་ས་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་ཤིང་འཛུགས་བྱེད་པའི་ཐད་གལ་ཆེའི་བཀའ་སློབ་གནང་བའི་ཐོག་ནས།  སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་དང་ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་བ་དང་།  བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་བཀའ་སློབ་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྲོག་ཤིང་ལ་བརྩི་བཀུར་དང་ཡིད་ཆེས།  བློ་དཀར།  སྲུང་སྐྱོང་བཅས་བྱེད་པ་དང་།  ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་དབུ་ཁྲིད་ལ་སྲུང་སྐྱོབ་ཀྱི་ཞིབ་ཕྲའི་བྱ་སྤྱོད་ལ་རྩིས་ཏེ་ཆུ་དང་རླུང་ཁམས་ཆེན་པོ།  ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ཤུགས་ཆེན་སྤེལ་ཏེ་འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འཛམ་གླིང་གི་མཐའ་མའི་ས་གཙང་སྲུང་སྐྱོབ་ཏན་ཏིག་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད། 

3.jpg

ཝུའུ་དབྱིང་ཇེ་ནས།  ང་ཚོས་སྟོབས་ཤུགས་ཧྲག་འདེམས་བྱས་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ནང་ཧུར་ཐག་ཞུགས་ཏེ་རང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ལ་ཧུར་ཐག་གཏོད་རྒྱུ་དང་།  དེང་སྐབས་ཚན་རིག་རྟོག་ཞིབ་བྱེད་སྒོའི་འཕེལ་རིམ་ཁག་བདེ་བླག་བྱུང་ཡོད་པས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་ངེས་རེད་ཅེས་གསུངས་ཡོད།

5.jpg

བློ་བཟང་རྒྱལ་མཚན་ནས་དྲི་བར་ལན་བསྐྱོན་སྐབས།  ཕྱོགས་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་།  ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ལ་སྐུལ་སྤེལ་བཏང་བས་བོད་ལྗོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།  སྤྱི་ལོ2018ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་དབུལ་ཕོངས་མི་འབོར་གྱི་མི་གྲངས་ཁྲི་ཚོ33བར་ཉུང་དུ་ཕྱིན་པ་དང་དབུལ་ཕོངས་ལ་གྱུར་ཚད་བརྒྱ་ཆ7.9བར་ཆག་ཡོད།  རྒྱུན་ཆད་མེད་པར་དབུལ་གྲོལ་འགག་སྒྲོལ་གཏིང་ཟབ་བྱས་པ་དང་བསྟུན་ནས་ལྗོངས་ཡོངས་ཀྱིས་ཤིན་ཏུ་དབུལ་བའི་རྫོང་༼   ཆུས  ༽ 44དང་ཤིན་ཏུ་དབུལ་བའི་ཤང་༼   གྲོང་རྡལ ༽ 315ཤིན་ཏུ་དབུལ་བའི་གྲོང་ཚོ2440བཅས་གནད་འཕིགས་དབྱེ་འབྱེད་བྱས་པ་དང་།  ང་ཚོས་ལྗོངས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་རྒྱུ་ཡིན་ཅེས་གསུངས་པ་རེད།

4.jpg

ཆེ་དགྲ་ལྷས་གསུང་བཤད་གནང་སྐབས།  འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ནང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཡོད་པ་དང་།  རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་ཕྱོགས་མངོན་ཡོད་པ་མ་ཟད་མང་ཚོགས་ཀྱི་རེ་སྒུག་ཟབ་མོར་བརྡ་ལན་སྤྲད་ཡོད།  དེ་ནི་མང་ཚོགས་དང་འབྲེལ་འདྲིས་ཡོད་པ་དང་སྤུས་འབོར་གཉིས་ལྡན།  མི་སེམས་ལ་ཟུག་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པས་ང་ཚོས་ཡོངས་སུ་མོས་མཐུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

7.jpg

ཆེ་དགྲ་ལྷས།  ལོ་གསར་པའི་ནང་ང་ཚོས་ཕྱོགས་ཡོངས་ནས་མཐའ་སྐྱོང་བོད་བརྟན་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་དང་གོང་འཕེལ་གྱི་འདུ་ཤེས་ཆེན་པོ་ལྔ་རྒྱུན་འཁྱོངས་བྱས་ནས།  སྤུས་ཚད་ལེགས་པའི་གོང་འཕེལ་གྱི་བླང་བྱ་དོན་འཁྱོལ་བྱེད་པ་དང་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡག་པོ་བྱེད་རྒྱུ་དེ་གཞི་རྩའི་བྱ་ཐབས་ལ་བརྩི་བ།  གཙོ་གནད་ཐོག་འགག་སྒྲོལ་ཆེ་མོ་གསུམ་གྱི་ལས་དོན་ཡག་པོ་སྤེལ་བ།  ལས་གཞི་ཆེ་མོ་བཅུ་ལག་བསྟར་ཧུར་ཐག་བྱེད་པ།  སྤུས་ཚད་མཐོ་བའི་གོང་འཕེལ་གྱིས་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་བ་སེལ་བ་བཅས་བྱས་ནས་དུས་རབས་གསར་པའི་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་པ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཕུར་བུ་དོན་གྲུབ་དང་སྐལ་བཟང་བདེ་སྐྱིད།  སྒྲོལ་དཀར་སོགས་འཐུས་མིས་སྔ་རྗེས་སུ་ཚོགས་འདུའི་ཐོག་རང་ཉིད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཏམ་བཤད་གནང་བ་རེད།  སྒོ་གོག་དང་དབང་འདུས།  བཀྲ་ཤིས་རྒྱལ་མཚན།  སྐལ་བཟང་བདེ་སྐྱིད་སོགས་འཐུས་མིས་ཁག་སོ་སོར་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།