ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བཞི་པའི་མཐོ་རིམ་ཡོན་གནས་ཀྱི་རྩོད་རྒྱུགས་པེ་ཅིང་དུ་བསྡུས་པ།

W020180516402791316603.jpg

W020180516402791315783.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་བཞི་པའི་མཐོ་རིམ་ཡོན་གནས་ཀྱི་རྩོད་རྒྱུགས་ནི་ནང་བསྟན་སློབ་གླིང་གི་ཉི་འོད་ཐོག་ཁང་དུ་བསྡུས་པ་དང་། སྐབས་འདིའི་རྩོད་རྒྱུགས་ལ་དགེ་ལུགས་པ་དང་ས་སྐྱ་བའི་གྲུབ་མཐའ་ཁག་གི་དགེ་འདུན་པ20ཞུགས་འདུག་ཅིང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ5པའི་ཚེས13ཉིན་ནས་ཟླ5པའི་ཚེས16ཉིན་བར་རེད།

རྩོད་རྒྱུགས་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་དགོན་སྡེའི་སློབ་གསོའི་ཆོས་གཞུང་ལ་སློབ་གཉེར་དང་གྲུབ་འབྲས་ལ་དཔྱད་ཞིབ། ཡོན་གནས་འཕར་བའི་བྱེད་ཐབས་ཤིག་ཡིན་ཏེ། རྩོད་རྒྱུགས་ནི་ཐལ་མོ་རྡེབ་པ་ནས་དབུ་བསླངས་ཀྱི་ཡོད་ཅིང་། དེ་ནི་དྲི་བ་འདོན་པའི་ཞོར་དུ་ངང་ཚུལ་ཐོག་ཕ་རོལ་ཟིལ་གྱིས་གནོན་པའི་ཉམས་མངོན་པ་རེད།

W020180516402791316980.jpg

W020180516402791319590.jpg

ད་རེས་ཀྱི་མཐོ་རིམ་ཡོན་གནས་རྩོད་རྒྱུགས་ནི་དེང་རབས་ཀྱི་སློབ་གསོའི་མ་དཔེའི་དཔྱད་རྩོམ་སྒྲོག་སྦྱོང་དང་ཟུང་འབྲེལ་བྱས་ཐོག  རྩོད་རྒྱུགས་དང་དཔྱད་རྩོམ་སྒྲོག་སྦྱོང་བྱས་རྗེས“མཐོ་རམས་པའི”མཐོ་རིམ་ཡོན་གནས་སྤྲོད་རྒྱུ་དང་། དཔྱད་བསྡུར་ཨུ་ཡོན་ལྷན་ཁང་དང་དཔྱད་རྩོམ་སྒྲོག་སྦྱོང་ཨུ་ཡོན་ལྷན་ཁང་ཚང་མ་བོད་བརྒྱུད་ནང་བསྟན་སྡེའི་སྐྱེས་ཆེན་དམ་པ་དང་དགེ་བའི་བཤེས་གཉེན་དག་གིས་གྲུབ་ཡོད་པ་རེད།

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དེ་སྔའི་ཚོགས་གཙོ་སྐུ་ཞབས་ཀྲའོ་ཕུའུ་ཁྲུའུ་ཡིས་གྲོས་འགོ་བཏོན་པ་བརྒྱུད1987ལོར་བཙུགས་པ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་ཆེད་དུ་གསོ་སྐྱོང་གནང་གི་ཡོད་པ་རེད། 

W020180516402791468840.jpg

ས་སྐྱ་བའི་ཆོས་རྩོད་ཀྱི་ཡུལ་དངོས། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།