གུང་ཁྲན་ཏང་གི་དྲོ་འཇམ་ཉི་འོད་འོག་དབུལ་ཕོངས་མང་ཚོགས་གོམ་ཞེང་ཆེན་པོས་དུས་རབས་གསར་པའི་ཕྱོགས་སུ་སྐྱོད་པ།

W020180515513892950502.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་པོའི་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་བཏང་བ་དང་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས་དབུལ་ཕོངས་མང་ཚོགས་གང་མགྱོགས་དབུལ་པོའི་གནས་ལས་སྒྲོལ་ཐུབ་པ་བྱེད་ཆེད།  སྤྱི་ལོ2015ལོ་ནས་བཟུང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱབ་སྐྱོར་དང་།  མངའ་རིས་ས་ཨུད་ཀྱི་འབད་བརྩོན་འོག་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རིག་གནས་ལམ་ཤར་ལྷོའི་རྒྱུད་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་དང་།  སྔ་རྗེས་སུ་གནས་སྤོས་དབུལ་སྐྱོར་སྡོད་ཁང714 འཛུགས་སྐྲུན་བྱས་ནས་སྒེར་རྩེ་རྫོང་དང་མཚོ་ཆེན་རྫོང་།  དགེ་རྒྱས་རྫོང་།  སྒར་རྫོང་།  རུ་ཐོག་རྫོང་གི་དབུལ་ཕོངས་མང་ཚོགས་གཅིག་བསྡུས་གནས་སྤོས་བྱས་པ་རེད།  དེང་སྐབས་སྤྲོ་སྐྱིད་ཁང་གསར་དུ་གྲགས་པའི་གནས་སྤོས་ཁུལ་དེར་དུད་ཚང683གནས་སྤོ་བྱས་ཤིང་གནས་སྤོས་མི་གྲངས2752ཟིན་གྱི་ཡོད། 

W020180515513892724330.png

གཞན་ཡང་།   སྤྲོ་སྐྱིད་ཁང་གསར་གནས་སྤོས་ཁུལ་དུ་ད་དུང་གྱོན་ཆས་རུམ་འཐག་བཟོ་གྲྭ་དང་བཞོན་མ་གསོ་སྤེལ་ར་བ།  སྐྱེ་ཁམས་ཞིང་ལས་དཔེ་སྟོན་གླིང་ཁུལ།  དབུལ་སྐྱོར་མགྲོན་ཁང་།  བདེ་སྲུང་ཞབས་ཞུ་ཀུང་སི་སོགས་ཐོན་ལས་རྣམ་གྲངས་རྟ་སྒ་ཆ་སྒྲིག་ཏུ་ལག་བསྟར་བྱས་ཡོད་པས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་གང་ལེགས་ཐུབ་པ་མ་ཟད།  དབུལ་པོའི་མང་ཚོགས་དབུལ་སྐྱོར་གནས་སྤོས་བྱས་རྗེས་གཞི་ཚུགས་པ་དང་ཕུགས་ཀྱི་འབབ་འཕར་ཕྱུག་འགྱུར་དམིགས་ཡུལ་མངོན་འགྱུར་ཐུབ་པ་ཡང་བྱུང་ཡོད།

W020180515513892853733.png

ཤེས་རྟོགས་བྱས་པར་གཞིགས་ན།  ཁུལ་དེར་གནས་སྤོས་ཟིན་པའི་མང་ཚོགས་ཁྲོད་རྒན་རྒོན་དང་ཕྲུ་གུ།  ངལ་རྩོལ་ནུས་པ་ཤོར་བ་ཕུད།  ད་ལྟ་དབུལ་པོའི་མང་ཚོགས་བརྒྱ་ཆ8ཀྱི་ལས་ཞུགས་ཐག་གཅོད་བྱུང་ཡོད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།