​ལྷོ་ཁས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་ཀར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  གྲོང་ཁྱེར་དེས་འཆར་འགོད་ལ་ཤུགས་སྣོན་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བརྒྱུད།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་ཀར་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  ད་བར་ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ96གི་འཆར་འགོད་བཟོས་ཟིན་པ་དང་རང་སྐྱོང་ལྗོངས་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་བདེ་བླག་བྱུང་ཡོད།

གྲོང་ཁྱེར་དེས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ40ཡི་དུས་འགོའི་ལས་དོན་ལེགས་སྒྲུབ་དང་འཕྲོ་སྐྱོང་རྣམ་གྲངས་ཆ་ཚང་ལས་འགོ་བཙུགས་ཟིན་པ་དང་།  རྣམ་གྲངས་གསར་པ9ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར6.56བཏང་ཡོད།  རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར13.2གཤམ་སྤྲོད་བྱས་ཟིན་ཡོད།  རྣམ་གྲངས་སྐུལ་སྤེལ་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་ལོ་འཁོར་རྣམ་གྲངས་ལས་འགོ་འཛུགས་ཚད་དང་མ་འཇོག་ལེགས་སྒྲུབ་ཐུབ་ཚད་གཉིས་ཀ་ལྗོངས་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། 

སྤྱི་ཟླ4པའི་ཟླ་མཇུག་བར་ལྷོ་བྲག་རྫོང་གི་གྲོང་ཚོ6གི་འཛུགས་སྐྲུན་འཕྲོ་སྐྱོང་དང་གྲོང་ཚོ ༢ ཀྱི་འཛུགས་སྐྲུན་ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་ཁྲི་ཚོ8900བཏང་ཡོད་པ་དང་།  ལྷུན་རྩེ་རྫོང་གི་གྲོང་ཚོ1གི་འཛུགས་སྐྲུན་འཕྲོ་སྐྱོང་དང་གྲོང་ཚོ4ཡི་འཛུགས་སྐྲུན་ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.2བཏང་བ།  མཚོ་སྣ་རྫོང་གི་གྲོང་ཚོ2ཀྱི་འཛུགས་སྐྲུན་འཕྲོ་སྐྱོང་དང་གྲོང་ཚོ3གྱི་འཛུགས་སྐྲུན་ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར3.4བཏང་བ།  སྣ་དཀར་རྩེ་རྫོང་གི་གྲོང་ཚོ6གི་འཛུགས་སྐྲུན་འཕྲོ་སྐྱོང་ལས་འགོ་བཙུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.07བཏང་བ་བཅས་རེད།  གཙོ་གནད་འཛུགས་སྐྲུན་རྣམ་གྲངས་སྟེ་ཡུལ་སྨད་འབྱོར་འབྲིང་དཔེ་སྟོན་ཤང་འཛུགས་སྐྲུན་ཐད་ད་བར་ཤང་དེའི་གྲོང་མིའི་སྡོད་ཁང་བསྟར་པ56ཆ་ཚང་འཛུགས་སྐྲུན་ལས་འགོ་བཙུགས་ཡོད་པར་ཁྱོན་མ་དངུལ་སྒོར་ཁྲི་ཚོ5900བཏང་ཡོད་པ་དང་འཛུགས་སྐྲུན་ལེགས་སྒྲུབ་བྱེད་ཚད63%ཟིན་ཡོད་པ་དང་།  ཐོན་ལས་རྣམ་གྲངས4ཡི་དུས་འགོའི་ལས་ཀ་ལེགས་སྒྲུབ་བྱུང་ཡོད་པ་དང་མ་དངུལ་སྒོར་ཁྲི་ཚོ400དོན་འཁྱོལ་བྱུང་ཡོད་པ་དང་ཆབས་ཅིག  མཚོ་སྣ་རྫོང་གི་ཆུ་ནག་གྲོང་ཚོ་དང་མཁར་ལྟག་གྲོང་ཚོ་སོགས་ནི་སྒྲིག་སྦྱོར་རྣམ་པའི་ལྕགས་རྒྱུའི་ཨར་སྐྲུན་བྱ་རྒྱུའི་དུས་རིམ་དང་པོའི་གྲོང་ཚོ་ཞིག་ཡིན་པ་དང་།  ད་ཆ་རྣམ་གྲངས་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།