སྤེན་པ་བཀྲ་ཤིས་ཀྱིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ནག་ཆུ་གྲོང་ཁྱེར་གྱི་ནག་ཆུ་རྫོང་དང་། འབྲི་རུ་རྫོང་དུ་ཕེབས་ནས་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》སློབ་སྦྱོང་བྱས་ཚུལ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་དང་གཞི་རིམ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཏང་ཨུད་ཀྱིས་མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཕུགས་ལ་དམིགས་པ་དང་། སྤྱི་ཡོངས་ལ་དམིགས་པ། དུས་གནས་རྟོག་དཔྱོད་བཅས་ཀྱི་སྒོ་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དམངས་ཚོགས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲོད“འདུ་ཤེས་བཞི”བརྟན་པོ་འཛུགས་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་ནན་བཤད་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་རིག་གནས་འཚོ་བར་བཅངས་པའི་རེ་འདོད་ལ་དམིགས་ནས། ནུས་ཤུགས་ལྡན་པའི་དཔུང་ཁག་དང་། ཕན་འབྲས་ལྡན་པའི་བྱ་ཐབས། ཕན་ནུས་ལྡན་པའི་བྱེད་སྒོ་བཅས་ལ་བརྟེན་ནས་སྔོན་ཐོན་རིག་གནས་མཁོ་སྤྲོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་རིག་གནས་བྱེད་སྒོ་དེ་རྒྱ་ཁྱབ་དང་རྒྱུན་རྣམ་ཅན་གྱི་མཁོ་སྤྲོད་དུ་འགྱུར་བར་བྱས་ཏེ་མང་ཚོགས་ཀྱི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱས་ནས་མང་ཚོགས་ཀྱིས་གང་ཞིག་ཉན་པ་དང་། གང་ཞིག་ལྟ་བའི་གནད་དོན་རྩ་བ་ནས་ཐག་གཅོད་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་རིགས་སེལ་བ་དང་གོམས་སྲོལ་རྙིང་པའི་འཆིང་རྒྱ་ལས་རྒྱུན་ཆད་མེད་པར་བསྒྲལ་ཏེ་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཡོང་བར་སྐུལ་མ་གཏོང་དགོས་པའི་ནན་གསུངས་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།