རྒྱལ་ཁབ་གློག་དྲ་བོད་ལྗོངས་ཉམས་བཟོ་ཀུང་སིས་འབྲེལ་ཡོད་ལས་དོན་ཏན་ཏིག་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཉམས་བཟོ་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་དུས་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཉམས་བཟོ་ཀུང་སིས་མཚོ་བོད་ཐད་རྒྱུག་མ་ལག་གི་སྤྱི་ལོ2018ལོའི་ཉམས་བཟོའི་ལས་དོན་ནང་ལས་མི300ལྷག་ཙམ་བཀོད་སྒྲིག་བྱས་ནས།  དུས་བཀག་ལྟར་འབྲེལ་ཡོད་ཉམས་བཟོའི་ལས་དོན་ཁག་ལེགས་སྒྲུབ་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་དེའི་ལོ་འཁོར་མོའི་ཉམས་བཟོའི་ལས་དོན་ལེགས་སྒྲུབ་བྱུང་རྗེས་མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གཞིའི་ཆུ་རྒྱས་དུས་ཀྱི་གློག་ཕྱིར་གཏོང་གི་སྤྱི་ལོ2018ལོའི་ལས་དོན་སྤེལ་འགོ་འཛུགས་རྒྱུ་དང་།  སྤྱི་ལོ2018ལོར་བོད་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་ཝ་སྟོང་ཚན་དུང་ཕྱུར10ལས་བརྒལ་རྩིས་ཡོད་པས།  བོད་ལྗོངས་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་སྒྱུར་ཐུབ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།