​ཉིང་ཁྲིའི་ནགས་ལས་སྐྱེ་ཁམས་ཤེས་དཔལ་སྒྱུར་བཅོས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ།  ཉིང་ཁྲིའི་ནགས་ལས་སྐྱེ་ཁམས་ཤེས་དཔལ་སྒྱུར་བཅོས་གོང་འཕེལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དེ་ཡང་།  གྲོང་ཁྱེར་དེ་ཡོངས་ཀྱི་ཤིང་རིགས་གསོག་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར13ཟིན་ཞིང་ཤིང་ནགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཚོ653ཟིན་པ་དང་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང543ཟིན་ནས་ནགས་ཚལ་ཁེབས་ཚད47%ཟིན་ཏེ།  ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7 ནང་གི་ཨང་དང་པོར་སླེབས་པ་དང་ཆབས་ཅིག་སྔ་ཕྱི་བསྡོམས་རྣམ་གྲངས་མ་འཇོག་སྒོར་དུང་ཕྱུར30ལྷག་ཙམ་ལེགས་སྒྲུབ་བྱས་ནས།  ནགས་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་ཞིང་འབྲོག་པའི་ཡོང་འབབ་གཉིས་ཀ་འཕར་སྣོན་ཡོང་བའི་དམིགས་ཚད་སྤྱིར་ན་འགྲུབ་ཡོད། 

སྤྱི་ལོ2005ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་སྤྱི་ཕན་ཤིང་ནགས་ཀྱི་ཁ་གསབ་ལག་བསྟར་བྱེད་འགོ་བཙུགས་པ་དང་།  སྤྱི་ལོ2017ལོ་ཁོ་ནར་སྤྱི་ཕན་ཤིང་ནགས་ཀྱི་བདག་སྐྱོང་མ་དངུལ་སྒོར་དུང་ཕྱུར2.164དོན་འཁྱོལ་བྱས་ཏེ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མང་ཚོགས་ཀྱི་ནགས་ཚལ་གཅེས་སྐྱོང་གི་ཧུར་སེམས་སྐོང་འཐེན་བྱས་ཡོད། 

དབུལ་སྐྱོར་གནད་འཕིགས་ཁྲོད་སྐྱེ་ཁམས་ཁ་གསབ་སྲིད་ཇུས་རང་བཞིན་གྱི་དབུལ་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྐྱེ་ཁམས་ལས་གནས་བརྒྱུད་དབུལ་ཕོངས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབབ་འཕར་དབུལ་གྲོལ་ནང་ཞུགས་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད།  ལོ་གསུམ་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱོན་སྐྱེ་ཁམས་དབུལ་སྐྱོར་ལས་གནས32400ལྷག་ཙམ་གཏོད་ཡོད། 

སྤྱི་ལོ2017ལོར་ཉིང་ཁྲི་གྲོང་ཁྱེར་གྱི་མཉམ་སྡེབ་ཤིང་ནགས་བདག་དབང་ལམ་ལུགས་སྒྱུར་བཅོས་དངོས་སུ་སྤེལ་འགོ་ཚུགས་པ་དང་།  བོད་རང་སྐྱོང་ལྗོངས་མཉམ་སྡེབ་ཤིང་ནགས་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་དང་ཉིང་ཁྲི་གྲོང་ཁྱེར་མཉམ་སྡེབ་ཤིང་ནགས་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི་གཞིར་བཟུང་།  སྤྱི་ལོ2017ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང6དང་ཆུས1གི་ནགས་ལས་སྒྱུར་བཅོས་ཀྱི་ས་མཚམས་ཐིག་ལེན་གྱི་བདག་དབང་གཏན་འཁེལ་ལས་དོན་ལེགས་སྒྲུབ་བྱས་ནས།  ཁྱོན་ཤིང་ནགས་བདག་དབང་ཡོད་པའི་ས་ཆ་ཁག993དང་མུའུ་ཁྲི་ཚོ10གཏན་འཁེལ་བྱས་ཏེ་ལོ་འཁོར་མོའི་ལས་འགན་ལེགས་སྒྲུབ་བྱེད་ཚད100%ཟིན་པ་མ་ཟད།  སྤྱི་ལོ2017ལོའི་ཟླ་བ12པའི་ཚེས28ཉིན་སྨན་གླིང་རྫོང་དུ་མཉམ་སྡེབ་ཤིང་ནགས་བདག་དབང་ལམ་ལུགས་སྒྱུར་བཅོས་ཀྱི་བདག་དབང་གཏན་འཁེལ་གྱི་ཐོག་མར་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་ཡང་འཚོགས་པ་རེད། 

ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་ནགས་གསེབ་དཔལ་འབྱོར་སོགས་ནགས་ལས་སྐྱེ་ཁམས་ཀྱི་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་བཏང་ནས་ས་མཐོའི་ཤིང་ཏོག་དང་ཤིང་ཏོག་སྐམ་པོ།  ཁྱད་ལྡན་ཞིང་ཞོར་ནགས་ལས་ཐོན་རྫས་བཅས་ཀྱི་ཐོན་ཁུལ་དང་མེ་ཏོག་འདེབས་འཛུགས་རྟེན་གཞི་གཏོད་དེ་ཞིང་འབྲོག་པ་ནགས་ལས་ཐོན་ལས་འཛུགས་སྐྱོང་ནང་ཐད་ཀར་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ས་གཞི་སྔོ་ལྗང་ཅན་དང་མི་དམངས་ཕྱུག་འགྱུར་ཐུབ་པ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།