བོད་ལྗོངས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན།

W020180711440727738119.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2015ལོར།  བོད་ལྗོངས་ཀྱིས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་།  ལོ་གསུམ་རིང་རིམ་ཁག་སྡོད་ཁང་འཛུགས་སྐྲུན་ཚན་པའི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད།  ད་ལྟ་ཤང(གྲོང་རྡལ)26རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་འཛུགས་སྐྲུན་མིང་ཐོའི་ནང་ཚུད་ཡོད་པ་དང་།  ཤང(གྲོང་རྡལ)7རྒྱལ་ཁབ་རིམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་སྐྱེད་སྲིང་བྱེད་པའི་མིང་ཐོའི་ནང་ཚུད་པ་རེད།  སྤྱི་ལོ2015ལོར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་དེ་རང་སྐྱོང་ལྗོངས་རིམ་པའི་གསར་དར་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་རྣམ་གྲངས་ནང་བཅུག་ནས།  སྤྱི་ལོ2017ལོའི་ཟླ12པའི་ཟླ་མཇུག་ཏུ་ལས་གྲྭ་སྐྲུན་ཟིན་ནས་སླད་མོན་པ་མི་རིགས་ཤང་གི་མང་ཚོགས་རྣམས་ཁང་པ་གསར་པའི་ནང་སྤོས་ཐུབ་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།