བོད་ལྗོངས་ཀྱིས་བུ་བཅོལ་སློབ་གསོ་ནས་མཐོ་འབྲིང་བར་གྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེང་སྐབས་བོད་ལྗོངས་ཀྱིས་བུ་བཅོལ་སློབ་གསོའི་དུས་མཚམས་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།  བུ་བཅོལ་སློབ་གསོའི་དུས་མཚམས་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ཞིང་འབྲོག་ཁུལ་བུ་ཕྲུག་དང་།  གྲོང་ཁྱེར(གྲོང་རྡལ)དཀའ་ངལ་ཆེ་བའི་ཁྱིམ་ཚང་བུ་ཕྲུག་ལ་འགན་ལེན་གསུམ་སློབ་གསོའི་སྲིད་ཇུས་ཁྱབ་པ་བྱས་པ་མ་ཟད།  གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞིར་སྐུལ་སྤེལ་གོ་རིམ་ལྡན་པ་གཏོང་བཞིན་ཡོད།  སྤྱི་ལོ2018ལོར་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར5དོན་འཁྱོལ་བྱས་པར་སློབ་མ་ཁྲི་ཚོ62ལྷག་ཙམ་ལ་ཕན་པ་ཐོབ་པ་དང་།  སློབ་གསོའི་འགན་ལེན་གསུམ་གྱི་གྲོན་དངུལ་དངུལ་སྒོར་དུང་ཕྱུར20ལྷག་ཙམ་དོན་འཁྱོལ་བྱས་པར་སློབ་མ་ཁྲི་ཚོ56ལྷག་ཙམ་ལ་ཕན་པ་ཐོབ་པ།  འོས་འགན་སློབ་གསོའི་ཞིང་འབྲོག་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་ལ་མ་དངུལ་སྒོར་དུང་ཕྱུར ༣ ལྷག་ཙམ་བཏང་བར་སློབ་མ་ཁྲི་ཚོ40ལྷག་ཙམ་ལ་ཕན་པ་ཐོབ་པ་བཅས་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།