ལྷ་ས་ཚན་རྩལ་རོགས་སྐྱོབ་གསོ་སྤེལ་ཁུལ་ལམ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་རྟེན་གཞིའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷ་ས་ཚན་རྩལ་རོགས་སྐྱོབ་གསོ་སྤེལ་ཁུལ་ལམ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ལྷ་ས་གྲོང་ཁྱེར་ཤེས་བྱའི་བདག་དབང་ཅུས་སུ་འཚོགས་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ས་ཆའི་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ16000ལྷག་ཙམ་ཟིན་པའི་ལྷ་ས་ཚན་རྩལ་རོགས་སྐྱོབ་གསོ་སྤེལ་ཁུལ་ལམ་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་རྟེན་གཞི་དེ་ནི་ལྷ་ས་གྲོང་ཁྱེར་གྱི་ཚན་རྩལ་ཁེ་ལས་རོགས་སྐྱོབ་གསོ་སྤེལ་ཁུལ་ཐོག་མ་དེ་རེད་ལ།  དེང་སྐབས་ལྗོངས་ཡོངས་ཀྱི་ཚན་རྩལ་ཁེ་ལས་རོགས་སྐྱོབ་གསོ་སྤེལ་ཁུལ་ཆེ་ཤོས་དེ་ཡང་ཡིན་པས་སློབ་ཆེན་སློབ་ཐོན་སློབ་མར་ལས་ཞུགས་ལྟ་སྦྱོང་གི་ལས་གནས150ལྷག་ཙམ་མཁོ་འདོན་བྱ་རྒྱུ་དང་མི500ལྷག་ཙམ་གྱི་ལས་ཞུགས་ལ་གཞན་བརྒྱུད་སྐུལ་ཁྲིད་བྱ་རྒྱུ་རེད། 

རྟེན་གཞི་དེ་བཙུགས་པའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་གསར་གཏོད་འདེགས་སྐུལ་གོང་འཕེལ་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད་པས།  རྒྱ་ཆེའི་གསར་གཏོད་རྣམ་པའི་ཁེ་ལས་དང་མངོན་འགྱུར་བ་ཚོར་འཁོར་སྦྲེལ་ཡོངས་ཀྱི་ཞབས་ཞུ་དང་ཕུན་སུམ་ཚོགས་པའི་ལས་གཏོད་ཐོན་ཁུངས།  ལས་ཀའི་ཁོར་ཡུག་བཟང་པོ་བཅས་མཁོ་འདོན་བྱ་རྒྱུ་རེད།  ད་བར་རྟེན་གཞི་དེར་གློག་རྡུལ་ཚན་རྩལ་དང་རིག་ནུས།  ནུས་ཁུངས་གསར་པ།  རིག་གནས་སྨྱན་སྦྱོར་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བའི་ཁེ་ལས50ལྷག་ཙམ་ཡོད། །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།