མངའ་རིས་ས་ཁུལ་མཐོ་ལྡིང་དགོན་གྱི་རིག་དངོས་ཉམས་བཟོའི་ལས་གྲྭ་མཇུག་སྒྲིལ་མཚམས་སུ་སླེབས།

W020180810377178958832.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཀྱི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གླང་ཆེན་ཁ་འབབ་གཙང་འགྲམ་དུ་གནས་པའི་མཐོ་ལྡིང་དགོན་ནི་སྤྱི་ལོ996ལོར་གསར་བཞེངས་གནང་བ་ཞིག་ཡིན་པ་དང་།  གུ་གེ་རྒྱལ་རབས་མངའ་རིས་ས་ཁུལ་དུ་དར་རྒྱས་བྱུང་ནས་སྐྲུན་པའི་ནང་པའི་དགོན་པ་སྔ་ཤོས་ཀྱི་གྲས་ཤིག་ཡིན། 

སྤྱི་ལོ1997ལོར་རྒྱལ་ཁབ་རིག་དངོས་ཚན་པས་མཐོ་ལྡིང་དགོན་ས་སྐྱ་ལྷ་ཁང་ལ་གནའ་ཉམས་སོར་འཇོག་གི་ཉམས་བཟོ་ཐེངས་དང་པོ་གནང་བ་དང་།  སྤྱི་ལོ1998ལོར་རྒྱལ་ཁབ་ནས་ཆེད་སྤྱོད་མ་དངུལ་བཏང་ཏེ་མཐོ་ལྡིང་དགོན་དུ་མྱུར་སྐྱོབ་རང་བཞིན་གནའ་རྫས་རྩད་འཚོལ་བྱས་པ་མ་ཟད།  དགོན་པའི་འདུ་ཁང་དང་ལྷ་ཁང་དཀར་པོ།  གསེར་ཁང་ལྷ་ཁང་བཅས་ལ་མྱུར་སྐྱོབ་རང་བཞིན་གྱི་ཉམས་བཟོ་སྲུང་སྐྱོབ་བྱས་པ་རེད།

མངའ་རིས་ས་ཁུལ་རྩྭ་མདའ་རྫོང་རིག་དངོས་ཅུད་ཀྱི་ཅུད་ཀྲང་བློ་བསྟན་ནས།  ལོ་ངོ་དུ་མའི་དྲག་ཆར་རླུང་འཚུབ་སོགས་རང་བྱུང་གནོད་འཚེས་རྐྱེན་པས།  དགོན་སྡེའི་གྱང་ངོས་དང་ཀ་བ།  ལྡེབས་རིས་སོགས་ལ་གནོད་སྐྱོན་ཕོག་ཡོད་པས།  རྒྱལ་ཁབ་རིམ་པའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་སྔར་བས་ལེགས་པ་ཡོང་ཆེད་སྤྱི་ལོ2015ལོ་ནས་མཐོ་ལྡིང་དགོན་གྱི་ཉམས་བཟོའི་ལས་གྲྭ་བྱེད་འགོ་ཚུགས་པ་རེད་ཅེས་ངོ་སྤྲོད་གནང་།

རིམ་རྩིས་བརྒྱབ་པར་གཞིགས་ན་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་ཁྱོན་སྒོར་ཁྲི་ཚོ8300ལྷག་བཏང་བའི་མཐོ་ལྡིང་དགོན་གྱི་རིག་དངོས་ཉམས་བཟོའི་ལས་གྲྭའི་རྣམ་གྲངས་ཁག་ད་ཆ་མཇུག་སྒྲིལ་མཚམས་སུ་སླེབས་ཡོད་པ་དང་།  ལོ་རྒྱུས་ཡུན་རིང་ལྡན་པའི་དགོན་སྡེའི་རྣམ་པ་གསར་པ་ཞིག་སླར་ཡང་དད་ལྡན་མང་ཚོགས་རྣམས་དང་ཡུལ་སྐོར་བར་སྒོ་དབྱེ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།