བོད་ལྗོངས་ཀྱིས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གི་ཞིབ་ཕྲའི་གནད་དོན13ལ་བཅོས་སྒྲིག་བྱས་ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད་དང་། སྐྱེ་ཁམས་ཁོར་ཡུག་པུའུ་དང་ཆུ་བེད་པུའུ་ཡི་བླང་བྱ་ལྟར། བོད་ལྗོངས་ཀྱིས“དབྱེ་བ་དང་། འཛུགས་པ། བཅོས་པ”(སྲུང་སྐྱོང་ཁུལ་དབྱེ་བ་དང་། ས་མཚམས་འབྱེད་རྟགས་འཛུགས་པ། ཁྲིམས་འགལ་གྱི་གནད་དོན་གཙང་བཤེར་བཅོས་སྒྲིག)བཅས་གཙོ་གནད་ལས་འགན་ཁག་གསུམ་ལ་དམ་པོཪ་དམིགས་ནས། འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ཏན་ཏིག་གིས་སྤེལ་ཏེ། གྲོང་ཁྱེར་དང་ས་ཁུལ་ཁག་གིས་རྒྱུན་མཐུད་ཤུགས་ཆེན་ངང་འཐུང་ཆུའི་ཆུ་མགོ་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་པ་རྩ་འཛུགས་བྱས་ཡོད།

ཟླ་བདུན་པར། ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གིས་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཁྲིམས་བསྟར་ཆེད་དོན་བྱ་སྤྱོད་ལྟ་ཞིབ་ལས་དོན་དང་ཟུང་འབྲེལ་བྱས་ནས། བོད་ལྗོངས་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང(ཆུས) ཁག་ཅིག་གི་ས་ངོས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་གི་ལས་དོན་སྤེལ་ཚུལ་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་བྱས་ཡོད། ད་ལྟའི་བར་དུ། བོད་ལྗོངས་ཀྱིས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་བཅོས་སྒྲིག་གི་ཞིབ་ཕྲའི་གནད་དོན13བཅོས་སྒྲིག་ལེགས་འགྲུབ་བྱུང་ཡོད་ཅིང་། དེ་མིན་གྱི་གནད་དོན་དག་ད་ལྟ་བཅོས་སྒྲིག་ཧུར་ཐག་བྱེད་བཞིན་ཡོད།


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།