ཁྲེང་ཀོན་ཆུས་ཀྱིས་ས་ཆ་དེ་གའི་ཞབས་ཞུའི་བྱེད་ནུས་ཁང་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གྲོང་ཚོའི(སྡེ་ཁུལ)རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ“མཁྲེགས་ཆས་ཚད་ལྡན་ཅན”མངོན་འགྱུར་ཡོང་བར་བྱེད་པའི་རྨང་གཞིའི་ཐོག“གཞུང་དོན་རྒྱ་ཁྱོན་ཆུང་ཤོས་དང་ཞབས་ཞུའི་ནུས་པ་ཆེ་ཤོས”ཀྱི་བླང་བྱ་གཞིར་བཟུང“ལེགས་བསྡུས་ཞིབ་གཉེར་རྣམ་པའི”ཞབས་ཞུ་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། “ཁང་གཅིག་བེད་སྤྱོད་མང་པོ་བྱེད་པའི”གཞུང་ལས་ཁང་གི་བཀོད་སྒྲིག་བྱེད་སྟངས་ཁྱབ་གདལ་གཏོང་བ། ཕྱོགས་བསྡུས་གཞུང་ལས་ཁང་གཅིག་གྱུར་བསྐྲུན་པ་བཅས་བྱས་པས་ཀྲི་པུའུ་ཧྲུའུ་ཅི་དང་། གྲོང་ཚོའི(གྲོང་ལྷན)ཀྲུའུ་རེན། ཧྲུའུ་ཅི་དང་པོ། སློབ་ཆེན་ཐོན་པའི་གྲོང་དཔོན་སོགས་གཅིག་སྡུད་གཞུང་ལས་བྱེད་པ་དང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ཕྱོགས་བསྡུས་བསྐྲུན་ནས་ལས་དོན་སྒྲུབ་རིམ་དང་ལས་དོན་སྒྲུབ་མཁན་གྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ལས་དོན་སྒྲུབ་པའི་ལས་ཕྱོད་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་མ་གནས་དམའ་རུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། ཁྲེང་ཀོན་ཆུས་ཀྱིས་གཞུང་ལས་ཁང་230ལྷག་ཙམ་མེད་པར་བཟོས་པ་དང་བསྡུ་སྒྲིལ་བྱས་པས། སྡེ་ཁུལ་གྱི་སྲིད་འཛིན་ཁུར་པོ་ཡང་དུ་འོས་འཚམ་ཕྱིན་པ་དང་། སྡེ་ཁུལ་གྱི་གཞུང་ལས་དང་ལས་དོན་སྒྲུབ་པའི་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ། སྡེ་ཁུལ་གྱི་མི་ཤུགས་ཀྱི་ལས་དོན་སྤེལ་སའི་ཐོན་ཁུངས་ཆེས་ལེགས་ཤོས་ཀྱི་སྒོ་ནས་བཀོད་སྒྲིག་ཐུབ་པ་དང་ཆབས་ཅིག བསྡུ་སྒྲིལ་ཐུབ་པའི་གཞུང་ལས་ཐོན་ཁུངས་དེ་དག་དངོས་དངོས་རྗེན་རྗེན་གྱི་ཞབས་ཞུའི་ནུས་པར་འགྱུར་བར་བྱེད་པ་དང་རྣམ་པ་སྣ་ཚོགས་ཀྱི་ཞབས་ཞུའི་བྱེད་ནུས་ཁུལ་250ལྷག་ཙམ་བཙུགས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་རིམ་སྤོར་སྒྱུར་བཀོད་བྱས་པ་རེད།

ཁྲེང་ཀོན་ཆུས་ཀྱིས་སྤོས་པའི་གཞུང་ལས་ཁང་ཚང་མར་མང་ཚོགས་ཀྱི་ལུས་སྦྱོང་ཁང་དང་། ཁྱིམ་ལས་ཞབས་ཞུ་ལྟེ་གནས། བུ་བཅོལ་ལྟེ་གནས། ཞིང་ཁྱིམ(སྡེ་ཁུལ)དེབ་ཁང་སོགས་རྣམ་པ་སྣ་ཚོགས་ཀྱི་ས་ཆ་དེ་རང་གི་ཞབས་ཞུའི་བྱེད་ནུས་ཁང་250ལྷག་ཙམ་བཙུགས་པ་རེད།  དེ་དང་ཆབས་ཅིག་ཡུལ་བབ་དང་བསྟུན་ནས་ཡོང་འབབ་དམའ་བའི་ཚོགས་སྤྱི་གཅིག་སྡུད་ཅུང་ཆེ་བའི་སྡེ་ཁུལ་ལ་དམིགས་ནས་ལས་ཞུགས་ཞབས་ཞུའི་ས་ཚིགས་དང་། རྩལ་ནུས་གསོ་སྦྱོང་སློབ་ཁང་། ཁོངས་གཏོགས་ཁུལ་གྱི་ལས་གཏོད་ལས་ཞུགས་དྲིལ་བསྒྲགས་ཁང་ངམ་ཡང་ན་བྱེད་ནུས་ཁུལ་བསྐྲུན་པར་བརྟེན་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་ཐབས་ལམ་མང་དུ་སོང་བ་དང་། ཁོངས་གཏོགས་ཁུལ་དུ་ཁེ་ལས་མང་བ་དང་ཚོང་པ་མང་བའི་སྡེ་ཁུལ་གྱིས“ཁེ་ལས་ཀྱི་ཞབས་ཞུའི་ས་ཚིགས”བསྐྲུན་པ་བརྒྱུད་སྡེ་ཁུལ་གྱིས་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

སྡེ་ཁུལ་ཁག་གིས་རང་ངོས་ཀྱི་ཆ་རྐྱེན་ལ་གཞིགས་ནས་བྱེད་ནུས་ཁུལ་མི་འདྲ་བ་བཙུགས་པ་དང་དབྱར་གསེང་གི་གསབ་སྦྱོང་འཛིན་གྲྭ་ནས་སྡེ་ཁུལ་གྱི་ཞབས་བྲོའི་རུ་ཁག་བར་དང་། ཚོད་ལྟའི་ཁ་ལོ་བའི་སློབ་གྲྭ་དང་། ཁྱིམ་ལས་ཞབས་ཞུའི་ནུས་པ། སྒྲ་དབྱངས་སློབ་ཁང་སོགས་བར་ཚང་མ་འཛོམས་ཏེ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་ཡོད། “ད་ལྟ་ང་ཚ་བོ་སློབ་གྲྭར་བསྐྱལ་རྗེས་སྡེ་ཁུལ་དུ་ཞབས་བྲོ་ནང་སྦྱོང་བྱེད་པར་ཡོང་བ་ཡིན། འཚོ་བ་འཁྲུག་ཏུ་སོང་བས་ང་རང་སེམས་ཤུགས་རབ་ཏུ་འཕེལ་གྱི་འདུག”ཅེས་སྦྲ་ནག་ཞོལ་སྡེ་ཁུལ་དུ་སྡོད་མཁན་པ་སངས་ཀྱིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།