ཆབ་མདོ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་དམིགས་བསལ་གསོ་སྐྱོང་གི་ལས་དོན་དེ་བས་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཆེད་ལས་ལག་རྩལ་ཤེས་ལྡན་པའི་ཤེས་བྱ་གསར་བརྗེས་འདུ་འགོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད། 2009ལོར་ཁག་དང་པོའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ལག་བསྟར་བྱས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་འོག་ནས་གོང་བར་གྱི་བརྒྱུད་རིམ་སྤྱད་དེ་སློབ་མ་འདེམས་སྒྲུག་དང་། འབྲེལ་གཏུག་ལ་ཤུགས་སྣོན། ཞབས་འདེགས་རྗེས་སྙེག་བཅས་བྱས་ཏེ་བྱེད་ཐབས་སྣ་མང་ལ་བརྟེན་ནས་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་གི་ལས་དོན་དེ་བས་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། 2009ལོ་ནས2017ལོ་བར་ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོ་དང་། འཕྲོད་བསྟེན། ཞིང་འབྲོག ལས་གྲྭ འགྲིམ་འགྲུལ། རིག་གནས་སྒྱུ་རྩལ་སོགས་ཁྱབ་ཁོངས་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པ89ལྗོངས་ཕྱིའི་མཐོ་རིམ་སློབ་གླིང་དང་སྨན་བཅོས་སྒྲིག་གཞིར་བསྐྱོད་དེ་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་གསོ་སྐྱོང་ལ་ཞུགས་རྒྱུར་མངགས་ནས་ཕུལ་བྱུང་གི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ནས་དགེ་རྒན་གྱི་སྟོབས་ཤུགས་ཉམས་ཞན་དང་། རང་བྱུང་ཁོར་ཡུག་ཞན་པ། གསོ་སྦྱོང་གི་ཐབས་ལམ་མང་པོ་མེད་པ། གསོ་སྦྱོང་གི་མ་དངུལ་དཀོན་པ་སོགས་ཀྱི་ཞན་ཆ་རྣམས་ལེགས་ཆར་གྱུར་ནས་བོད་དང་ནང་སའི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་འབྲེལ་བ་བྱེད་པའི“སྦྲེལ་ཟམ”དང“སྒྲོག་ཐག”ཅིག་བཙུགས་ཡོད་པ་རེད།

ལོ་མང་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གོང་འོག་མཉམ་འགུལ་གྱིས་འདེམས་སྐྱེལ་ཚན་པ་དང་ཆེད་ལས་ལག་རྩལ་མི་སྣ་བོད་ཀྱི་དམིགས་བསལ་གསོ་སྦྱོང་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་ཀའི“འགག་གནད”ལ་དམ་འཛིན་བྱས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་སློབ་མའི་འདེམས་གཏོང་འགག་སྒོ་དང་བེད་སྤྱོད་འགག་སྒོར་དམ་འཛིན་ནན་པོ་བྱེད་པ་དང་། གདམ་གསེས་བྱེད་སྟངས་ལེགས་སུ་གཏོང་བ་དང་སྡེ་ཚན་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུར་སྣང་ཆེན་བྱས་ནས་དམིགས་བསལ་གསོ་སྐྱོང་གི་སློབ་མར་དེ་བས་སྤུས་ལེགས་ཀྱི་གསོ་སྦྱོང་ཐོན་ཁུངས་བརྩོན་ལེན་བྱས་ཏེ་སློབ་སྦྱོང་ལ་རྨང་གཞི་བརྟན་པོ་བཏིང་བ་མ་ཟད། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྣང་ཆེན་བྱས་ནས་སྔར་ཡོད་ཀྱི་ཉམས་མྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཕུགས་ཕན་ཅན་བཅས་སུ་གྱུར་བར་བྱེད་པ་དང་། ལས་གནས་ཐོག་ཕྱིར་ལོག་བྱས་པའི་སློབ་མས་ནུས་པ་འདོན་རྒྱུར་སྣང་ཆེན་བཅས་ཀྱིས“རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་དང་། གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཞིབ་ཕྲའི་དོན་འཁྱོལ་བྱེད་པ། འདེམས་སྐྱེལ་ཚན་པ་ཁག་ཧུར་ཐག་ཞུགས་པ”བཅས་ཀྱི་སྡེ་ཚན་མཉམ་འགུལ་ལམ་སྲོལ་ཆགས་པར་བྱས་པ་རེད།

གསོ་སྦྱོང་བྱེད་རིང་། དགེ་རྒན་དང་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་ཚན་ཞིབ་རྣམ་གྲངས་ལ་ཞུགས་ཏེ་སློབ་མའི་དབར་གྱི་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རང་ངོས་ཀྱི་མི་འདང་ས་དང་ཚན་པ་དང་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་ལྟ་ཞིབ་དང་། བསམ་གཞིག འབྲེལ་གཏུག་བཅས་མང་ཙམ་བྱས་ཏེ་རང་ཉིད་ལ་དོན་དངོས་ལས་ཀའི་ཁྲོད་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དང་ཟུང་འབྲེལ་དང་གསོ་སྐྱོང་ཚན་པའི་སྤུས་ལེགས་ཀྱི་སློབ་ཁྲིད་ཚན་ཞིབ་ཐོན་ཁུངས་གང་ལེགས་སྤྱད་དེ་སྦྱངས་པ་བེད་སྤྱོད་དང་། འཕྲལ་དུ་སྦྱངས་ནས་འཕྲལ་དུ་བེད་སྤྱོད། སྦྱོང་སྤྱོད་གཉིས་སྤེལ་བྱས་ནས་གསོ་སྐྱོང་ཚན་པ་དང་དགེ་རྒན་གྱི་བཀོད་སྒྲིག་རང་རྟོགས་ངང་དང་ལེན་ཞུ་བ་དང་། ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཆབ་མདོའི་ཆེད་ལས་ལག་རྩལ་མི་སྣའི་གཟུགས་བརྙན་བཟང་པོ་བཏོད་དེ་སློབ་སྦྱོང་གི་གོ་སྐབས་དམ་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།