གོང་གི་དུས་ཚིགས་གསུམ་ནང་བོད་ལྗོངས་ཡོངས་ཀྱི་དངུལ་རྩའི་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་ཐོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་གོང་གི་དུས་ཚིགས་གསུམ་ནང་།  ལྗོངས་ཡོངས་ཀྱི་དངུལ་རྩའི་ཚན་པས་བརྟན་པོ་དང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཏེ།  དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོ་རུ་ཏན་ཏིག་བཏང་བས་དངུལ་རྩའི་འཁོར་རྒྱུག་སྤྱིར་ན་བརྟན་པོ་བྱུང་ཡོད།

ད་ལོའི་སྤྱི་ཟླ9པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་སྒོར་དུང་ཕྱུར5131ཟིན་པ་དེ་དུས་མཚུངས་པ་ལས5.2%འཕར་བ་དང་།  མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་རིགས་ཁག་གི་དངུལ་བུན་སྒོར་དུང་ཕྱུར4414བཏང་པ་དེ་དུས་མཚུངས་པ་ལས16%འཕར་བ་རེད།

ལྗོངས་ཡོངས་ཀྱི་དངུལ་རྩའི་ཚན་པས་ཞིང་ལས་དང་འབྲེལ་བའི་དངུལ་བུན་སྒོར་དུང་ཕྱུར1429བཏང་པ་དེ་དུས་མཚུངས་པ་ལས27%འཕར་བ་དང་།  ལྗོངས་ཡོངས་ཀྱི་ཁེ་ལས་ཆུང་གྲས2482ལ་དངུལ་བུན་བཏང་པ་དེ་དུས་མཚུངས་པ་ལས་ཁེ་ལས1308མང་དུ་ཕྱིན་ནས117%འཕར་བ།  སྡོད་ཁང་དང་རླངས་འཁོར།  སློབ་རོགས་བཅས་ཀྱི་དངུལ་བུན་ཕུད་དེ་མིན་འཛད་སྤྱོད་རིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར227བཏང་པ་དེ་དུས་མཚུངས་པ་ལས40%འཕར་བ་བཅས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།