གཞིས་རྩེ་བཞད་མཐོང་སྨོན་རྫོང་དུ་ས་ཡོམ་རིམ་པ5.8བརྒྱབ་པ།

W020181224511365219105.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱིས་བརྟག་ཞིབ་ཚད་ལེན་བྱས་པར་གཞིགས་ན། པེ་ཅིན་དུས་ཚོད་ཚེས་ཉི་ཤུ་བཞི་ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པ་དང་སྐར་མ་སུམ་ཅུ་སོ་གཉིས་ཐོག བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་དུ་ས་ཡོམ་རིམ་པ5.8བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་བརྒྱད་ཟིན་ཡོད་པ་རེད། ཤེས་རྟོག་བྱུང་བར་གཞིགས་ན། ས་ཡོམ་རྒྱག་སའི་ལྟེ་བ་དེ་ནས་ཕྱོགས་བཞིའི་སྤྱི་ལེ་ཉི་ཤུའི་ནང་མི་གནས་སྡོད་བྱས་པ་ཧ་ཅང་ཉུང་ཉུང་ཡིན་པ་དང་། དེ་ནས་སྤྱི་ལེ་ལྔ་བཅུའི་ཁྱབ་ཁོངས་ནང་ཧ་ལམ་མི་ལྔ་བརྒྱ་དགུ་བཅུ་ཡོད་པ་དང་། སྤྱི་ལེ་བརྒྱ་ཡི་ཁྱབ་ཁོངས་ནང་ཧ་ལམ་མི་སུམ་སྟོང་ཡོད་པ་རེད།

W020181224511365223947.jpg

ཐེངས་འདིའི་ས་ཡོམ་རྒྱག་སའི་ལྟེ་བ་ནས་སྤྱི་ལེ་ལྔའི་ཁྱབ་ཁོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་ལྔ་སྟོང་དྲུག་བརྒྱ་བཞི་བཅུ་ཞེ་དྲུག་ཟིན་གྱི་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།