བོད་ལྗོངས་བཞད་མཐོང་སྨོན་རྫོང་ལ་ས་ཡོམ་རིམ་པ5.8བརྒྱབ་པ་དང་མང་ཚོགས2000ལྷག་ཙམ་བདེ་སར་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན། བོད་ལྗོངས་གཞིས་རྩེ་བཞད་མཐོང་སྨོན་རྫོང་ལ་ས་ཡོམ་རིམ་པ5.8བརྒྱབ་རྗེས། ས་གནས་དེ་གའི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱས་ནས་ཡོམ་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད་པ་དང་། ཡོམ་ལྟེའི་ཤང་གྲོང་གིས་ལས་དོན་མི་སྣ121སྒྲིག་འཛུགས་བྱས་ཏེ་ཡོམ་ཁུལ་དུ་བསྐྱོད་དེ་མང་ཚོགས་དུད་ཚང300ཙམ་གྱི་གནོད་འཚེའི་གནས་ཚུལ་ཞིབ་བཤེར་བྱས་པ་དང་། མི2142ས་སྟོང་ཁུལ་དུ་བཀོད་སྒྲིག་བྱས་པ་དང་འབྲེལ་གུར82སྤྲད་པ་རེད།

བཞད་མཐོང་སྨོན་རྫོང་ཨུད་དྲིལ་བསྒྲགས་པུས་ངོ་སྤྲོད་བྱས་པར་གཞིགས་ན། ཡོམ་ལྟེའི་ཉེ་འགྲམ་གྱི་མོས་པ་བྱེ་ཆེན་ཤང་དང་། སྟག་མོ་ཤར་ཤང་། བྱེ་ཆུང་ཤང་བཅས་སུ་གུར་དང་། སྲིང་བལ་མལ་ཆས། ལྟེབ་ཁྲི། སྲིང་བལ་གྱོན་གོས་སོགས་དངོས་ཟོག་ཁྱོན2356དང་སྨན་བཅོས་དངོས་རྫས་སྣ་ཚོགས་ཁྲི10ལྷག་ཙམ་གྲ་སྒྲིག་བྱས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། བཞད་མཐོང་སྨོན་རྫོང་རྫོང་གྲོང་གིས་དམངས་སྲིད་འཕྲལ་སྡོམ་དངོས་ཟོག་སྣ་ཚོགས33638དང་། སྨན་བཅོས་སྨན་རྫས་དང་། སྒྲིག་ཆས། རྒྱུ་ཆ་སོགས་སྣ་ཚོགས13000ལྷག་ཙམ། སྐྱེལ་འདྲེན་དང་སྨན་བཅོས་སོགས་འཕྲལ་སྡོམ་རླངས་འཁོར11 གེགས་སེལ་དངོས་ཟོག་སྒོར་ཁྲི500ལྷག་ཙམ་བཅས་གྲ་སྒྲིག་བྱས་ཏེ་དུས་ཐོག་ཏུ་གེགས་ཁུལ་དུ་དབོར་འདྲེན་བྱས་ནས་གེགས་སེལ་དགོས་མཁོ་བསྐངས་ཡོད་པ་རེད།

ཟླ12ཚེས24ཉིན་གྱི་ཆུ་ཚོད12བར་བཞད་མཐོང་སྨོན་རྫོང་ཡོམ་ཁུལ་དུ་གནས་སྐབས་མི་སྣ་འཆི་རྨས་བྱུང་མེད་པ་དང་། ཁང་པ་རྡིབ་མེད་པ། ཐོན་སྐྱེད་འཚོ་བ་རྒྱུན་གཏན་ལྟར་ཡོད་ལ་འགྲིམ་འགྲུལ་སྐྱེལ་འདྲེན་ཤར་བགྲོད་ཐུབ་ཡོད་པ་རེད། གནོད་འཚེའི་གནས་ཚུལ་ཞིབ་ཕྲ་སྔར་བས་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།