གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་བོད་ལྗོངས་ཀྱི་མེ་འཁོར་བབས་ཚུགས་ཁག་ནས་རིམ་རྩིས་བྱས་ན་འགྲུལ་པ28651དབོར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་བོད་ལྗོངས་ཀྱི་མེ་འཁོར་བབས་ཚུགས་ཁག་ནས་རིམ་རྩིས་བྱས་ན་འགྲུལ་པ28651དབོར་གཏོང་བྱས་བ་དང་། འགྲུལ་པ་འབྱོར་ཚད་མི23786ཟིན་ཡོད། རྒྱ་ཆེའི་འགྲུལ་པ་ཚོ་གནམ་ལོ་གསར་ཚེས་རིང་བདེ་འཇགས་ངང་ཕྱོགས་ལ་ཐོན་ཐུབ་པ་བྱ་ཆེད། ལྷ་སའི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ཉེན་རྟོག་པ་བཀོད་སྒྲིག་བྱ་ཤུགས་ཆེ་རུ་བཏང་བ་དང་། བབས་ཚུགས་ཀྱི་བདེ་འཇགས་བཅོས་སྐྱོང་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་འགྲུལ་པ་ཚོར་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པའི་ཁོར་ཡུག་ཅིག་བཏོད་ཡོད། དེའི་རིང་ཉེན་རྟོག་པ་མི་ཐེངས780ལྷག་ཙམ་བཏང་ནས་འགྲུལ་པ་མི་ཐེངས་ཁྲི5ལྷག་ཙམ་གྱི་ཐོབ་ཐང་ཆ་འཕྲིན་བཤེར་བ་དང་ལམ་ཚད་སྤྱི་ལེ630ལ་སྐོར་ཞིབ་བྱས་པ་ལས། ཉེན་ཁའི་དངོས་རྫས600ལྷག་ཙམ་རྩད་ཆོད་ཐུབ་པ་རེད།

ལྷ་སའི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་འགྲུལ་པ་རྣམས་བདེ་འཇགས་ངང་ཕྱོགས་ལ་ཐོན་ཐུབ་པ་བྱ་ཆེད། ལྷ་སའི་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་བ་དང་། ཉེན་རྟོག་པ་མང་དུ་དང་དོ་དམ་བྱེད་ཚད་མཐོ་རུ་བཏང་བ། བབས་ཚུགས་དང་། མེ་འཁོར། ལམ་ཐིག་བཅས་ཀྱི་བདེ་འཇགས་སྒྲིག་ལམ་ལ་སྲུང་སྐྱོང་ཧུར་ཐག་བྱས་པ། བབས་ཚུགས་ཁུལ་གྱི་མི་སྣ་འདྲ་མིན་སྣ་ཚོགས་ལ་གཙང་བཤེར་བྱས་ཏེ་བབས་ཚུགས་ཁུལ་གྱི་བདེ་འཇགས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་དང་། བདེ་འཇགས་ཞིབ་བཤེར་གྱི་ལས་དོན་ནན་པོ་སྤེལ་ནས་གཤེར་གཟུགས་དངོས་རྫས་ལ་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་བ་དང་ཉེན་ཡོད་དངོས་རྫས་རྣམས་མེ་འཁོར་ནང་གཏན་ནས་འཁྱེར་དུ་མ་བཅུག་པ། ས་གནས་ཀྱི་སྤྱི་བདེ་དང་མཉམ་འབྲེལ་བྱས་ཏེ་ཉེན་རྟོག་པ་བཀོད་སྒྲིག་ལུགས་མཐུན་གྱིས་བབས་ཚུགས་ཉེ་འཁོར་གྱི་འགྲུལ་ཁང་དང་དྲ་ཁང་སོགས་སུ་མཉམ་འབྲེལ་བཅོས་སྒྲིག་བྱས་ཏེ་བབས་ཚུགས་ཉེ་འཁོར་གྱི་བདེ་འཇགས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།