བོད་ལྗོངས་སྟེང་ཆེན་རྫོང་གིས་དྲོད་རླངས་གཅིག་སྡུད་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་ཁྲི11.93ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2011ལོར། བོད་ལྗོངས་སྟེང་ཆེན་རྫོང་གིས་རྫོང་གྲོང་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་བྱས་ཤིང་། མིག་སྔའི་བར། རྫོང་ཡོངས་ཀྱི་དྲོད་རླངས་མཁོ་འདོན་གཅིག་སྡུད་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་11.93ཟིན་ཏེ། གྲང་ངར་ཆེ་བའི་དགུན་དུས་སུ་དམངས་སེམས་དྲོད་པར་བྱས་པ་རེད།

“དམངས་ཆེད”དྲོད་རླངས་མཁོ་འདོན་མཐའ་འཁྱོངས་བྱས་ཤིང་། བོད་ལྗོངས་སྟེང་ཆེན་རྫོང་གིས་ཁང་གླ་ཁེ་བའི་བོགས་གཏོང་ཁང་པར་སྡོད་མཁན་གྱི་ཉམས་ཞན་ཚོགས་སྤྱི་དང་། སློབ་གྲྭ་འབྲིང་ཆུང་དང་རྫོང་སྨན་ཁང་། རྫོང་སྨན་རྩིས་ཁང་སོགས་གཙོ་གནད་དུ་བཟུང་སྟེ་དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་བྱས་ནས། སློབ་གྲྭ་དང་སྨན་ཁང་སོགས་སྤྱི་ཚོགས་ཀྱི་དོ་ཁུར་བྱ་ཡུལ་དང་རྫོང་གྲོང་གི་ཡུལ་མིའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་བ་བརྒྱུད། རྫོང་གྲོང་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་དྲོ་སོབ་སོབ་ཀྱི་དགུན་ཁ་ཞིག་སྐྱེལ་ཐུབ་པའི་འགན་ལེན་བྱས་ཡོད།

“ཁོར་ཡུག་སྲུང་སྐྱོང”དང་མཐུན་པའི་དྲོད་རླངས་མཁོ་འདོན་མཐའ་འཁྱོངས་བྱས་ཤིང་། པའོ་ཝུའུ་ངར་ལྕགས་ཚོགས་པ་ནས་ཆེད་ལས་ལག་རྩལ་དོ་དམ་མི་སྣ་ནང་འདྲེན་བྱས་ནས་རྫོང་གྲོང་གི་དུས་ཐེངས་གསུམ་པའི་དྲོད་འདོན་ཚ་སྒྱུར་ས་ཚིགས་འཛུགས་སྐྲུན་དང་། མདོང་ལམ་སྣུར་སྲིང་། དུས་ཐེངས་དང་པོའི་ཁྲོ་ཐབ་སྒྱུར་བཀོད་བཅས་ཀྱི་ལས་དོན་མགྱོགས་མྱུར་སྤེལ་བ་དང་། 2018ལོའི་ཟླ་བརྒྱད་པར། སྟེང་ཆེན་རྫོང་གིས་ཏུན་བཅུའི་ཁྲོ་ཐབ་ཕྱིར་འཐེན་དང་མེད་པར་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་ནས་སྦགས་བཙོག་ཕྱིར་འབུད་བྱེད་ཚད་ཉུང་དུ་ནུས་ལྡན་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།