ལག་གདང་སྦྲེལ་ནས་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གོང་འཕེལ་གཏོང་རྒྱུའི་ཐད་རང་ནུས་འདོན།

W020190314429207066564.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་མཁན་བོད་ལྗོངས་ཀྱི་ཨུ་ཡོན་རྣམ་པས་དྲན་པར་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ལེགས་འགྲུབ་བྱུང་ནས་ཚེས13ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་དང་།  བོད་ལྗོངས་ནས་ཕེབས་པའི་ཨུ་ཡོན་ཚུད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་རང་རང་གི་ལས་གནས་སུ་ཕྱིར་ལོག་རྗེས་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱ་རྒྱུ་དང་།  རང་འཁྲིའི་འགན་ནུས་ལག་བསྟར་ཡག་པོ་ཐུབ་ཆེད་ལས་ཀའི་ཁྲོད་བེད་སྤྱོད་གང་ལེགས་བྱེད་རྒྱུ་ཡིན་པར་གསུངས།

W020190314429207241233.jpg

རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་པའི་བོད་ལྗོངས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་གྱིས་གསར་འགོད་པའི་བཅར་འདྲིར་དང་ལེན་བྱས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།