ལྷོ་ཁས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གང་ལེགས་བྱས།

W020190316395475084790.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཛད་སྤྱོད་པའི་ཁེ་དབང་སྲུང་བའི་ཉིན་མོར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞི་མཐུན་གྱི་ཁྲོམ་ར་གཉེར་སྐྱོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད།  སྤྱི་ཟླ3ཚེས13ཉིན་ནས་ལྷོ་ཁ་གྲོང་ཁྱེར་བཟོ་ཚོང་ཁོངས་གཏོགས་ནས་ཚལ་ཁྲོམ་དང་ཁོག་ཧྥེ་ཁང་།  ཇ་ཁང་།  ཚོང་ཁང་ཆེ་གྲས་བཅས་སུ་བསྐྱོད་དེ་དུས་ཡུན་ཉིན་ལྔའི་ཁྲོམ་རའི་ཆེད་དོན་ཞིབ་བཤེར་དང་ཁེ་དབང་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ།  དུས་ཐོག་ཏུ་ཁེ་དབང་ལ་གནོད་པ་དང་དུས་ཚོད་ཡོལ་བ།  དྲིལ་བསྒྲགས་རྫུན་མ་སྤེལ་བ་སོགས་ཀྱི་གནད་དོན་ལ་ཐག་གཅོད་ནན་པོ་བྱས་ནས་ཁྲོམ་རའི་རྒྱུན་གཏན་གྱི་སྒྲིག་ལམ་ལ་སྔར་བས་སྲུང་སྐྱོང་བྱས་ཡོད།།


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།