བོད་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་གྱི་སྐོར་གཟིགས་བཅོས་སྒྲིག་ལས་ཀར་ཤུགས་སྣོན་བརྒྱབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས༡༣ ཉིན།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ།  བོད་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་སྐོར་གཟིགས་བཅོས་སྒྲིག་ལས་ཀའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་གོམ་སྟབས་རྗེས་མའི་ལས་དོན་ཐད་སླར་ཡང་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་ཡོད། 

ཚོགས་འདུའི་ཐོག་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་ནས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་རྣམ་གྲངས་བཅོས་སྒྲིག་ཇུས་གཞིར་དཔེ་བསྡུར་བྱས་ཏེ།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་ཚན་པ་ཁག་གིས་བཅོས་སྒྲིག་ཇུས་གཞིར་ཞིབ་འཇུག་བྱས་ཏེ་ཞིབ་ཚགས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  ཐོན་ལས་རྣམ་གྲངས་ཀྱི་གནད་དོན་བཅོས་སྒྲིག་ལས་ཀའི་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ།  རིགས་པས་ཁུངས་སྐྱེལ་བཅས་ལ་ཤུགས་སྣོན་བརྒྱབ་ནས།  དབུལ་གྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།