ཆབ་མདོ་གྲོང་ཁྱེར་བསྐོར་བའི་རྐང་འཁོར་འགྲན་བསྡུར་སྐབས་གསུམ་པ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས18ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)དང་ཆབ་མདོ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་བཅས་ཀྱིས་གཉེར་འགན་འཁུར་བའི“བོད་ཤར་ཉམས་ལེན་ལམ་དུ་བསྐྱོད། དགའ་བ་དཔག་མེད་དེ་ལས་བྱུང”ཞེས་པ་དང་ཆབ་མདོ་གྲོང་ཁྱེར་བསྐོར་བའི་རྐང་འཁོར་འགྲན་བསྡུར་སྐབས་གསུམ་པ་ཆབ་མདོ་གྲོང་ཁྱེར་ཇ་རྟ་ཐང་ཆེན་དུ་འགོ་ཚུགས་པ་རེད།

བྱེད་སྒོའི་ལམ་ཐིག་ཇ་རྟ་ཐང་ཆེན་ནས་འགོ་བཙུགས་ཏེ་ཁ་རུབ་གནའ་ཤུལ་བརྒྱུད་སླར་ཡང་ཇ་རྟ་ཐང་ཆེན་དུ་ལོག་རྒྱུ་དེ་རེད། ལམ་ཐག་ཧྲིལ་པོར་སྤྱི་ལེ20ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།