ཧྲེན་ཀྲེན་རིག་གནས་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་བཅོ་ལྔ་པའི་སྟེང་གི“བོད་ལྗོངས”ཀྱི་འགྲེམས་ཁང་།

W020190520393559584877.jpg

འགྲེམས་སྟོན་ནང་ཞུགས་པའི་ཚོང་ཟོག་སྟེ། བློ་གྲོས་མེ་ཏོག་གསར་རྩོམ་གནང་པའི་བོད་ཀྱི་ཤིང་བཟོས་ལག་བྲིས་བོད་ཕག་གི་བཤམས་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་འགྲེམས་སྟོན་ཚོགས་འདུ་སྐབས་བཅོ་ལྔ་པ(གཤམ་དུ“ཧྲེན་ཀྲེན་རིག་གནས་འགྲེམས་ཚོགས་”ཞེས་བསྡུ་རྒྱུ)སྤེལ་སྒང་ཡིན་ལ། འགྲེམས་སྟོན་ཚོགས་འདུའི་ལྟེ་གནས་ཀྱི་འགྲེམས་ཁང་ཨང་དང་པོར་གནས་པའི་བོད་ལྗོངས་འགྲེམས་ཁང་དུ“བོད་ལྗོངས”ཀྱི་རྣམ་པས་ཡོངས་སུ་སྤྲོས་ཡོད་ལ་གྲོང་མི་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

རྒྱུས་ལོན་བྱུང་པ་ལྟར་ན། སྐབས་འདིའི་རིག་གནས་ཐོན་ལས་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་གིས“མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་རླབས་ཆེན་མཆོང་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ།ཡི་གེ་དང་པར་རིས། དངོས་རྫས། བརྙན་གཟུགས་སོགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་བྱ་གཞག་ཁག་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བའི་བར་གྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་གང་ལེགས་མངོན་ཡོད་པ་རེད།

བོད་ནས་ཡོང་བའི་ཡུལ་སྐོར་རིག་གནས་གསར་གཏོད་ཚོང་ཟོག་ཁེ་ལས་མང་པོ་ཞིག་གིས“བོད་ཀྱི་ལག ་སྐྱེས”སྣ་ཚོགས་བསྣམས་ནས་ཡོང་ཡོད་པ་དང་། དེའི་ནང“དྲ་བའི་ཕག་གྲགས་ཅན”སྙིང་རྗེ་བོ་ཞིག་ལ་ཀུན་གྱིས་དགའ་བསུ་ཐོབ་གིན་ཡོད་ཅིང་། དེ་ནི་ད་ལོའི་ཟླ4པར་གཉེར་བའི2019ལོའི་ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོའི་འགྲན་བསྡུར་ནང་ཞུགས་མཁན་བརྩམས་ཆོས3291གི་ཁྲོད་ནས་གཟེངས་སུ་ཐོན་ཏེ།  ཀྲུང་གོའི་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོའི་དངུལ་གྱི་བྱ་དགའ་ཐོབ་པའི་བློ་གྲོས་མེ་ཏོག་ལགས་ཀྱི་བོད་ཀྱི་ཤིང་བཟོས་ལག་བྲིས་བོད་ཕག་གི་བཤམས་དངོས་ཤིག་རེད།

W020190520393559585743.jpg

རིག་གནས་དངོས་མང་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་གི་ཡུལ་དངོས།

རྒྱུས་ལོན་བྱུང་པ་ལྟར་ན། ཤིང་བཟོས་ལག་བྲིས་བོད་ཕག་ནི་བོད་ལྗོངས་རྒྱལ་རླུང་བརྡ་ཁྱབ་ཚད་ཡོད་ཀུང་སིས་ཉིང་ཁྲི་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་མཉམ་འབྲེལ་ཐོག་སྤེལ་བའི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་གྲས་ཀྱི་གཅིག་ཡིན་ལ། རྣམ་གྲངས་དེ་ནི2014ལོ་ནས་བཟུང་ཇུས་འགོད་ཞིབ་འཇུག་གསར་སྤེལ་བྱེད་འགོ་ཚུགས་པ་དང་། ཐང་གའི་ལྷ་རིས་པ་གདན་འདྲེན་གནང་ནས་་ཞིང་འབྲོག་དབུལ་པོ་ཁག་ཅིག་ལ་སྟབས་བདེའི་ཐང་ག་འབྲི་རྩལ་དང་། ཤིང་བཟོས་བོད་ཕག་བཟོ་རྩལ་ཐོན་རྫས་བཟོ་རྩལ་ཁྲིད་རྗེས། ལས་སྟེགས་བརྒྱུད་ཕྱིར་ཚོང་བྱས་ཤིང་ཁེ་སྤོགས་སླར་ཡང་ཞིང་འབྲོག་པར་བགོས་པ་རེད། དེས་ནི་ཞིང་འབྲོག་མང་ཚོགས་ཁག་ཅིག་གིས་ལག་རྩལ་མང་པོ་སྦྱོང་ཐུབ་པ་མ་ཟད། ཚད་ངེས་ཅན་ཞིག་གི་ཐོག་ནས་ཁོང་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་པ་རེད།

W020190520393559580636.jpg

རིག་གནས་དངོས་མང་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་གི་ཡུལ་དངོས།

ཧྲེན་ཀྲེན་རིག་གནས་དངོས་མང་འགྲེམས་ཚོགས་ཀྱི་བོད་ལྗོངས་འགྲེམས་ཁང་གི་ཡུལ་དངོས་སུ་ཤིང་བཟོས་ལག་བྲིས་བོད་ཕག་གིས་གྲོང་མི་དང་ཡུལ་སྐོར་བའི་བློ་ཡིད་བཀུག་ནས་ཉོ་སྒྲུབ་བྱས་པ་ཕུད། རྒྱལ་གཉེར་ཁེ་ལས་དང་རིག་གནས་ཁེ་ལས། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི། གླིང་ཁུལ། རིག་གནས་ཟོང་རྟགས་གྲགས་ཅན་གྱི་རིག་གནས་ཁེ་ལས22ཀྱི་འཐུས་མིས་ཀྱང་བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་མཁོ་འདོན་བྱས་ཡོད་པ་དང་། ལྟ་སྐོར་བར་འགྲེམས་ཁང་གི་པར་རིས་རེ་རེ་དང་ཐོན་རྫས་ཀྱི་དངོས་པོ་རེ་རེ་བརྒྱུད་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་སུ་མྱོང་དུ་བཅུག་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།