ལྷ་སས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྣ་ཚོགས་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷ་ས་གྲོང་ཁྱེར་གྱིས་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་མི་སེམས་ལ་ཟུག་པ་བྱས་ཡོད་པ་དང་།  ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་དང་ཚེ་སྨོན་གླིང་སྡེ་ཁུལ་གྱི་ཏང་ཀྲེ་པུའུ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།  རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྨན་དོན་པ་མཐུན་སྦྱོར་བྱས་ཏེ་སྡེ་ཁུལ་གྱི་གྲོང་མི་དང་ཚོང་པ300ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་ཡོད། 

སྣེའུ་ཁུལ་གསར་གདོང་དཀར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་དང་མཉམ་འབྲེལ་ཐོག  གྲོང་ཚོ་དེ་ཡོངས་ཀྱི་ཟ་ཁང་དང་ཚོང་ཁང་།  ཇ་ཁང་།  སྒོ་རྩིས་ཚོང་ཁང་སོགས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་མ་ཟད།  ཚོང་ཁང་དང་ཟ་ཁང་ཚང་མས་བཅའ་ཁྲིམས་དང་ཁྲིམས་སྲོལ།  བཟའ་བཅའི་བདེ་འཇགས་ཚད་གཞི།  འབྲེལ་ཡོད་བླང་བྱ་བཅས་གཞིར་བཟུང་བཟའ་འཐུང་ཞབས་ཞུ་སྒྲུབ་ནས་བཟའ་བཅའི་བདེ་འཇགས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། 

མལ་གྲོ་གུང་དཀར་རྫོང་རིན་ཆེན་གླིང་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གིས།  དགེ་འདུན་པ་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་།  དགེ་འདུན་པ་ཚོས་ལྟ་སྐོར་གནང་བ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་གཞི་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་རྒྱུ་བྱུང་བ་མྱོང་ཚོར་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།