སྐྱིད་རོང་ར་སོག་ཟམ་པ་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་གཞི་གཙོ་བོ་ཟླ་འདིའི་ཟླ་མཇུག་ཏུ་ལེགས་འགྲུབ་འབྱུང་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐྱིད་རོང་ར་སོག་ཟམ་པ་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གལ་ཆེའི་རྣམ་གྲངས་ཤིག་ཡིན་པ་དང་།  རྣམ་གྲངས་དེ་སྐྲུན་ཟིན་རྗེས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་བར་གྱི་སྤེལ་རེས་དང་མཉམ་ལས་སྔར་བས་སྲ་བརྟན་དང་གོང་འཕེལ་ཕྱིན་ནས།  ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་དང་དངོས་ཟོག་སྤེལ་རེས་སོགས་ཀྱི་ཐད་སྟབས་བདེ་ཆེན་པོ་སྐྲུན་རྒྱུ་རེད།  ངོ་སྤྲོད་བྱས་པར་གཞིགས་ན།  ད་ལོའི་སྤྱི་ཟླ5པའི་ཟླ་མཇུག་ཏུ་རྣམ་གྲངས་དེའི་ལས་གཞི་གཙོ་བོ་ལེགས་འགྲུབ་ཐུབ་རྩིས་ཡོད་པ་དང་སྤྱི་ཟླ6པར་མོ་ཊ་འགྲོ་འོངས་ཐུབ་རྩིས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།