བོད་ལྗོངས་ཡོངས་ཀྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་རྡོ་ཐོགས་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོར་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བསམ་བློ་གཅིག་གྱུར་དང་གནས་བབ་ཁོང་དུ་ཆུད་པར་བྱས་ནས་གསོ་སྦྱོང་གི་གལ་ཆེན་རང་བཞིན་ལ་ངོས་འཛིན་དང་སློབ་སྦྱོང་གང་ལེགས་བྱེད་པ། འགན་འཁུར་ཕོད་པ་དང་རང་འགུལ་ལས་སྒྲུབ་བྱས་ཏེ་གཞི་རིམ་གྱི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཁྲིམས་ལྟར་ལས་འགན་ནན་སྒྲུབ་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།