བོད་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་གཉེར་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་ཕེབས་ནས་གསུང་བཤད་གནང་བ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་བསོད་དར་དང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་ཀྲུའུ་ཡ་ཕིན་ཞུགས་ཡོད་པ་རེད།

ཧོ་ཝུན་ཧའོ་ཡིས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་འགན་ཨང་དང་པོ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས། རྩ་སྲ་རྨང་བརྟན་མཐའ་འཁྱོངས། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་སྐྱོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་སྲིད་ཁྲིམས་ལས་དོན་གྱི་འགན་འཁྲི་བཞི་ལག་བསྟར་ཡག་པོ་དང་དུས་རབས་གསར་པའི་བོད་ཀྱི་སྲིད་ཁྲིམས་ལས་དོན་དེ་ཆུ་ཚད་གསར་པའི་ཐོག་སླེབས་པར་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

ཧོ་ཝུན་ཧའོ་ཡིས་གཞི་རིམ་གྱི་སྲིད་ཁྲིམས་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་ནས་ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་གྲུབ་འབྲས་ཐོན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ཀྱི་མ་ལག་མགྱོགས་མྱུར་སྐྲུན་པ། སྲིད་ཁྲིམས་ལས་ཁུངས་ཀྱི་ཚན་རྩལ་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་བ། ཁྲིམས་འཛིན་མ་ལག་གི་ཕྱོགས་བསྡུས་ལེ་ལག་སྒྱུར་བཅོས་མགྱོགས་སུ་གཏོང་བ། ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པའི་དཔུང་ཁག་དར་རྒྱས་གཏོང་བ། ཉེན་རྟོག་པའི་དཔུང་ཁག་ནན་པོ་སྐྱོང་བ་བཅས་ཁ་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་ཁྲིམས་དཔུང་ཁག་གི་སྒྱུར་བཅོས་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“འགྱུར་མེད་བཞི”དང་། “དད་སེམས་བརྟན་པ་དང་། ཁྲིམས་འཛིན་དམངས་ཆེད། འགན་འཁྲི་འཁུར་ཕོད་པ། སྤྱོད་གཙང་གཞུང་དྲང”བཅས་ཀྱི་ས་མཐོའི་སྲིད་ཁྲིམས་དམག་ཧྲག་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།