སྐབས་བཅོ་ལྔ་པའི་མཐོ་རམས་པའི་ཡོན་གནས་དང་སྐབས་ལྔ་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་དཔང་ཡིག་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་པ།

W020190520483290711707.jpg

ཡོན་གནས་སྤྲོད་པའི་མཛད་སྒོའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན་དགེ་བའི་བཤེས་གཉེན་རྣམ་པ་དང་། མཐོ་རམས་པའི་ཡོན་གནས་དང་དགེ་རྒན་ཆེན་མོའི་ཐོབ་ཐང་གསར་དུ་བཞེས་མཁན་རྣམས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཡོད་ས་སྟེ། པཎ་ཆེན་སྐུ་ཕྲེང་དྲུག་པ་ལ་སོགས་པའི་རྒྱལ་གཅེས་ཆོས་གཅེས་པ་དག་ཞལ་བཞུགས་གནང་སའི་དགོན་སེར་ནུབ་མར་ལྷན་དུ་འཛོམས་ནས། བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་སྤྲོད་པའི་མཛད་སྒོ་རྒྱ་ཆེ་བ་དེར་མཉམ་ཞུགས་གནང་། ཡོན་གནས་ལ་རེ་ཞུ་བྱེད་མཁན་མི་གྲངས་40ཡོད་པ་ཚང་མར་བོད་བརྒྱུད་ནང་བསྟན་མཐོ་རམས་པའི་མཐོ་རིམ་ཡོན་གནས་སྤྲད་པ་དང་། དགེ་རྒན་ཆེན་མོར་རེ་ཞུ་བྱེད་མཁན་མི་8ཡོད་པ་བཅས་ལ་མཐོ་རིམ་ནང་བསྟན་སློབ་གླིང་དུ་དགེ་རྒན་ཆེན་མོའི་ལས་གནས་འཁུར་རུང་བའི་ཐོབ་ཐང་སྤྲད་པ་རེད།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་སྤྲུལ་སྐུ་འཇམས་དབྱངས་ཚང་གིས་མཐོ་རམས་པའི་ཡོན་གནས་བཞེས་མཁན་ལ་དཔང་ཡིག་གནང་བ།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་མགོ་ཁྲིད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ནང་བསྟན་མཐུན་ཚོགས་ཀྱི་རྩ་འཛུགས། བོད་བརྒྱུད་ནང་བསྟན་སློབ་གླིང་གི་མགོ་ཁྲིད་བཅས་དང་། མཐོ་རིམ་ཡོན་གནས་གཏན་འབེབས་གནང་བར་གདན་འདྲེན་ཞུས་པའི་དགེ་བའི་བཤེས་གཉེན་རྣམ་པ་བཅས་དཔང་རྟགས་བསྩོལ་བའི་མཛད་སྒོར་ཞུགས་པ་རེད།

W020190520483290713686.jpg

མཐོ་རམས་པའི་ཡོན་གནས་བཞེས་མཁན་དག་གིས་སྲོལ་རྒྱུན་གྱི་འདོན་དབྱངས་གསུམ་གྱི་ཆོ་ག་སྤེལ་བ།

མཛད་སྒོའི་ཡུལ་དངོས་སུ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འབྲེལ་ཡོད་འགན་འཛིན་པས་《བསོད་ནམས་སྲི་རྡོར་དང་ཀརྨ་དབང་བསོད། ཕུན་ཚོགས་བསྟན་དར་སོགས་ཡོན་གནས་ལ་རེ་ཞུ་བྱེད་མཁན་བཞི་བཅུ་བོར་བོད་བརྒྱུད་ནང་བསྟན་མཐོ་རམས་པའི་ཡོན་གནས་སྤྲོད་པའི་ཐག་གཅོད་དང་འབྲེལ་བའི་རེ་འདུན》ཞེས་པ་སྒྲོག་འདོན་བྱས། དེར་མཐུད་ནས་མཐོ་རིམ་ཡོན་གནས་བཞེས་མཁན་མི་བཞི་བཅུས་ཆོས་གོས་མནབས་ཤིང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་དཔོན་གཞོན་པ་དང་བོད་བརྒྱུད་ནང་བསྟན་ཡོན་གནས་བྱ་བའི་མཛུབ་སྟོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་བཅས་བཞེས་པའི་སྤྲུལ་སྐུ་འཇམ་དབྱངས་ཚང་གིས་རེ་རེ་བཞིན་ཡོན་གནས་དཔང་ཡིག་གནང་བ་དང་། ཆོས་པའི་སྡེའི་འཐུབ་ཚབ་པས་ཁོང་ཚོར་ཁ་བཏགས་ཕུལ། དགེ་ལུགས་པ་དང་ཇོ་ནང་བ། བཀའ་བརྒྱུད་པའི་མཐོ་རིམ་ཡོན་གནས་བཞེས་མཁན་བཅས་སོ་སོ་ནས་སྲོལ་རྒྱུན་གྱི་འདོན་དབྱངས་གསུམ་གྱི་ཆོ་ག་སྤེལ།

W020190520483290712695.jpg

དེའི་རྗེས་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་《ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ལྔ་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་བསྐོ་འཇོག་གི་གཏན་འབེབས་དང་འབྲེལ་བའི་ཐག་གཅོད》ཁྱབ་བསྒྲགས་བྱས། གླིང་གཙོ་འཇམ་དབྱངས་ཚང་གིས་དགེ་རྒན་ཆེན་མོའི་ཐོབ་ཐང་བཞེས་མཁན་བརྒྱད་ལ་དགེ་རྒན་ཆེན་མོའི་ཐོབ་ཐང་གནང་བ་དང་། ཆོས་པའི་སྡེའི་འཐུས་ཚབ་པས་ཁོང་ཚོར་ཁ་བཏགས་ཕུལ་བ་རེད།

《བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་བཞེས་འབུལ་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་《ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅོ་ལྔ་པའི་མཐོ་རིམ་ཡོན་གནས་གཏན་འབེབས་བྱ་ཐབས》ལྟར་ན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་ཡོན་གནས་གཏན་འབེབས་ཨུ་ཡོན་ལྷན་ཚོགས་སྐབས་བཞི་པའི་ཨུ་ཡོན་ལྷན་ཚོགས་ཀྱིས་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅོ་ལྔ་པའི་མཐོ་རིམ་ཡོན་གནས་ལ་རེ་ཞུ་བྱེད་མཁན་ཚང་མར་ཚད་གཞིར་ལོན་མིན་གྱི་བརྟག་དཔྱད་གཟབ་ནན་བྱས་པ་དང་། རྩོད་རྒྱུགས་དང་དཔྱད་རྩོམ་དམ་བཅའི་བགྲོ་གླེང་བྱས་ལ། མཐོ་རམས་པའི་མཐོ་རིམ་ཡོན་གནས་ལ་རེ་ཞུ་བྱེད་པའི་ཆ་རྐྱེན་དང་མཐོ་རམས་པའི་མཐོ་རིམ་ཡོན་གནས་སྤྲོད་པའི་ཚད་གཞི་གཞིར་བཟུང་སྟེ། སྐབས་བཞི་པའི་མཐོ་རིམ་ཡོན་གནས་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་གཟབ་ནན་གྱི་གཏན་འབེབས་དཔྱད་ཞིབ་དང་མིང་མི་འགོད་པའི་འདེམ་ཤོག་འཕངས་ནས་མཐོ་རམས་པའི་ཡོན་གནས་ཕུལ་རྒྱུའི་མི་སྣ་བདམས། དེ་དང་མཉམ་དུ་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་ལྔ་པའི་དགེ་རྒན་ཆེན་མོའི་ཐོབ་ཐང་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་དགེ་རྒན་ཆེན་མོར་རེ་ཞུ་བྱེད་མཁན་ཚང་མར་ཐོབ་ཐང་ཞིབ་དཔྱད་དང་། རྩོད་རྒྱུགས་དང་དཔྱད་རྩོམ་སྒྲོག་སྦྱོང་སོགས་ཀྱི་གཏན་འབེབས་ཞིབ་དཔྱད་བྱས་ལ། 2019ལོའི་ཟླ5པའི་ཚེས19ཉིན་《དགེ་རྒན་ཆེན་མོའི་ཐོབ་ཐང་རེ་ཞུ་བྱེད་མཁན་ལ་དགེ་རྒན་ཆེན་མོར་བསྐོ་རུང་བའི་ཐོབ་ཐང་ཚང་བའི་གཏན་འབེབས་དང་འབྲེལ་བའི་རེ་འདུན་སྙན་ཞུ》ཡར་སྤྲད། ཉིན་དེར་འབྲེལ་ཡོད་ཚོགས་འདུའི་ཞིབ་འཇུག་བརྒྱུད་ནས་སྙན་ཞུར་ཆོག་མཆན་ཐོབ་ཅིང་། དགེ་རྒན་ཆེན་མོའི་ཐོབ་ཐང་ལ་རེ་ཞུ་བྱེད་མཁན་བརྒྱད་པོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཆོས་ལུགས་སློབ་ཁྲིད་ཀྱི་འབྲེལ་ཡོད་ཆ་རྐྱེན་ཚང་བའི་གཏན་འབེབས་ཐག་གཅོད་གནང་བ་དང་། མཐོ་རིམ་ནང་བསྟན་སློབ་གླིང་དུ་དགེ་རྒན་ཆེན་མོའི་ལས་གནས་འཁུར་རུང་བའི་ཐོབ་ཐང་གནང་ནས་ཐོབ་ཐང་དཔང་ཡིག་ཀྱང་སྤྲད།

W020190520483290864316.jpg

མཐོ་རམས་པའི་མཐོ་རིམ་ཡོན་གནས་བཞེས་མཁན།

བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་དེ་2004ལོ་ནས་ལག་བསྟར་གཏན་འབེབས་བྱས་པ་ནས་བཟུང་། ཏག་ཏག་ལོ་བཅོ་ལྔ་ཡི་དུས་རིམ་བརྒྱུད་པ་དང་། ལོ་བཅོ་ལྔའི་བརྒྱུད་རིམ་ཁྲོད་ལོ་རེ་བཞིན་ལྗིད་ཏིག་ཏིག་གི་འབྲས་བུ་བླངས་ཡོད། བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཚད་ལྡན་དུ་གྱུར། ལྷག་པར་དུ་མཐོ་རིམ་ཡོན་གནས་སློབ་གསོ་དེ་ཐོག་མའི་ལོ་གཅིག་ལ་མི་བཅུ་ལྷག་གི་འཛིན་གྲྭ་གཅིག་ནས། ད་ལྟའི་ལོ་གཅིག་ལ་མི་བཅུ་ཕྲག་འགའ་ཡི་འཛིན་གྲྭ་གསུམ་དང་། སློབ་སྒྲུབ་རིམ་བཞིན་ཚད་ལྡན། སློབ་ཁྲིད་རིམ་བཞིན་འཐུས་ཚང་། གཞི་རྒྱ་རིམ་བཞིན་ཇེ་ཆེ། མཐོ་རམས་པའི་དཔུང་ཁག་རིམ་བཞིན་ཇེ་མང་དུ་སོང་། ད་ལྟའི་བར་དུ་མཐོ་རམས་པའི་ཡོན་གནས་བཞེས་མཁན་མི་གྲངས་208ཡོད་པ་དང་། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་མོ་དྲུག་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་པ་ཆེན་མོ་སོ་སོར་ཁྱབ་ཡོད། ཁོང་ཚོ་རིམ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཀ་བ་དང་གདུང་མ་ལྟ་བུར་གྱུར་ཡོད་ལ། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྣེ་ཁྲིད་པར་འགྱུར་བཞིན་ཡོད། དེ་དང་མཐུན་པར་དགའ་འོས་པ་ཞིག་ནི། 2011ལོར་དགེ་རྒན་ཆེན་མོའི་གཏན་འབེབས་བྱ་བ་སྐབས་དང་པོའི་བཀོད་སྒྲིག་བྱས་པ་ནས་ད་ལྟའི་བར་དུ། མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོའི་ཡོན་གནས་བཞེས་མཁན་མི་གྲངས་100རུ་སླེབས་ཡོད་པ་དང་། མཐོ་རིམ་ནང་བསྟན་སློབ་གླིང་གི་ཁྱད་ཆོས་དང་ཆེད་ཟུར་ཟུང་འབྲེལ་གྱི་རྣམ་པའི་དགེ་རྒན་གསོ་སྐྱོང་དང་བཀོལ་སྤྱོད་ལམ་ལུགས་མ་ལག་ཅིག་གྲུབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།