གཞིས་རྩེ་གྲོང་ཁྱེར་གྱིས་སྡོད་ཁང་འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྡོད་ཁང་གནད་དོན་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན་པས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩར་ཐུག་ཡོད་ལ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་དང་ཡང་འབྲེལ་བ་ཡོད། ལོ་མང་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཡོང་འབབ་འབྲིང་དམའི་ཁྱིམ་ཚང་དང་། ལས་ཞུགས་བྱས་མ་ཐག་པའི་ལས་བཟོ། ཕྱི་ནས་ཡོང་པའི་གླ་པ། ལས་གཏོད་དང་ལས་ཞུགས་བྱས་མ་ཐག་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་སྡོད་ཁང་གི་དཀའ་གནད་ལ་དམིགས་ཏེ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་ཁང་གླ་ཁེ་བའི་ཁང་པ་དང་། སྤྱི་པའི་བོགས་གཏོང་ཁང་པ། ལས་ཤག་སོགས་བསྐྲུན་པ་དང་སྡོད་ཁང་སྐྱོ་ཁུལ་གྱི་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་པ་སོགས་ཀྱི་ཐབས་ལམ་བརྒྱུད། བྱེད་པོ་མང་པོའི་མཁོ་སྤྲོད་དང་། ཐབས་ལམ་མང་བའི་འགན་སྲུང་། བོགས་འཚོང་མཉམ་སྤེལ་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་བཏོད་པས་འགན་སྲུང་གི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། འགན་སྲུང་གི་རྣམ་པ་དེ་བས་སྣ་མང་ཕུན་སུམ་ཚོཌ་པ། དམངས་ཕན་བྱེད་ཐབས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་བ་བཅས་བྱུང་བ་དང་འབྲེལ་འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་བྱུང་སྟེ། སྡོད་མཁན་ལ་སྡོད་སའི་ཁང་པ་ཡོད་པ་དང་སྡོད་སའི་ཁང་པ་དེ་སྡོད་མལ་དང་འཚམ་པ་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2007ལོ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་འགན་ལེན་རང་བཞིན་གྱི་སྡོད་ཁང་ཆ་ཚང་ཁྲི6.45བསྐྲུན་པའི་ནང་ཁང་གླ་ཁེ་བའི་ཁང་པ་ཆ་ཚང4424ལྷག་དང་། སྤྱི་པའི་བོགས་གཏོང་ཁང་པ་ཆ་ཚང་ཁྲི1.4ལྷག ལས་ཤག་ཆ་ཚང་ཁྲི1.64ལྷག་བཅས་བསྐྲུན་པ་དང་སྡོད་ཁང་སྐྱོ་ཁུལ་ཆ་ཚང་ཁྲི2.96ལྷག་སྒྱུར་བཀོད་བྱས་པར་ཁྱོན་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི390.88ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར65.64བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་སྡོད་ཁང་མེད་པའི་མི་ཁྲི1.84སྡོད་ཁང་འགན་སྲུང་གི་ཁྱབ་ཁོངས་སུ་བཅུག་ཡོད། འདི་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་སྡོད་ཁང་སྐྱོ་ཁུལ2167སྒྱུར་བཀོད་བྱ་རྩིས་ཡོད་པ་དང་སྤྱི་པའི་བོགས་གཏོང་ཁང་པ་ཆ་ཚང434དང་། 2018ལོའི་ལོ་འཁོར་གྱི་སྤྱི་པའི་བོགས་གཏོང་ཁང་པ874གསར་དུ་སྐྲུན་རྩིས་ཡོད་པ་རེད། གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་བོགས་གཏོང་ཁང་པའི་ཁ་གསབ་དངུལ་དུས་ཐོག་ཏུ་སྤྲད་ཅིང་། 2010ལོ་ནས2018ལོའི་ལོ་མཇུག་བར་དུད་ཚང་ཁྲི2.67གྱི་མི་ཁྲི3.30ལ་ཁྱོན་ཁ་གསབ་དངུལ་སྒོར་དུང་ཕྱུར1.03ལྷག་སྤྲད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།