བོད་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང་དང་ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་ལ་གཟེངས་བསྟོད་བྱས།

W020190520586069559757.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2019ལོའི་བོད་ཀྱི་བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང་དང་ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད།  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྟན་འཛིན་ནོར་བུའི་ཁྱིམ་སོགས་ཁྱིམ་ཚང20ལ2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང་གི་མཚན་སྙན་སྤྲད་པ་དང་།  ཀྲང་ཝུན་ཅུན་གྱི་ཁྱིམ་སོགས་ཁྱིམ་ཚང42ལ་སྤྱི་ལོ2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་གི་མཚན་སྙན་སྤྲད་པ་རེད།

W020190520586069619020.jpg

ཤེས་རྟོགས་བྱུང་བར་གཞིགས་ན།  བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འདི་ལོའི་སྤྱི་ཟླ3པར2019ལོའི་ལོ་འཁོར་མོའི་བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང་དང་ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་གི་དཔྱད་འདེམས་བྱེད་སྒོ་སྤེལ་འགོ་ཚུགས་ཡོད།  བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་རྒྱལ་གཅེས་ཁྲིམས་སྲུང་ངང་མི་རིགས་མཐུན་སྒྲིལ་བྱེད་བཟང་བ་དང་།  རྒན་བཀུར་གཞོན་གཅེས་ཐོག་ཁྱིམ་ཚང་འཆམ་མཐུན་དུ་སྐྱོང་བཟང་བ།  ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱེད་ལ་གནས་གཅེས་ལས་ཞེན་བྱེད་བཟང་བ།  ཀུན་སྤྱོད་ལ་བརྩི་སྲུང་བྱེད་ཅིང་སྤྱི་ཕན་བྱེད་སྒོ་སྒྲུབ་བཟང་བ།  ཁྱིམ་ཚང་ཡ་རབས་ཚུལ་ལྡན་ངང་སྐྱོང་ཞིང་སྤྱོད་བཟང་དར་སྤེལ་གཏོང་བཟང་བ་བཅས་བཟང་པོ་ལྔ་ལྡན་གྱི་ཁྱིམ་ཚང་དང་།  རྒན་བཀུར་གཉེན་སྐྱོང་བྱེད་ལ་བུ་ཕྲུག་ལ་སློབ་གསོ་རྒྱག་མཁས་པ།  གཞུང་དྲང་སྤྱོད་གཙང་ཡོད་ལ་གནས་གཅེས་ལས་བཀུར་ཡིན་པ།  བཟའ་ཚང་འཆམ་ཞིང་མཐུན་ལ་གྲོང་པ་ཁྱིམ་མཚེས་འཆམ་པ།  སྤྱི་ཕན་ལས་ལ་སྤྲོ་བ་འཕེལ་མཁན་བཅས་ཀྱི་ཆ་རྐྱེན་འཛོམས་པའི་ཆེས་མཛེས་སྡུག་ལྡན་པའི་ཁྱིམ་ཚང་ལ་གཟེངས་བསྟོད་བྱ་རྒྱུ་དེ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།