རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོར་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ།

W020190521382131880088.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ་ཐེངས43པར་རྟེན་འབྲེལ་ཞུ་ཞིང་རྟེན་རྫས་བཤམས་མཛོད་ཁང་དང་མང་ཚོགས་དབར་འབྲེལ་བ་བྱེད་ས་ཞིག་གཏོད་ནས།  རྟེན་རྫས་བཤམས་མཛོད་ཁང་ནི་རིག་གནས་ཀྱི་ལྟེ་བ་ཡིན་པར་མང་ཚོགས་ཀྱིས་ངོས་འཛིན་དང་ཁས་ལེན་ཐུབ་ཚད་མཐོ་རུ་གཏོང་ཆེད།  ཉེ་དུས་བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་མ་འོངས་དུས་སུ་སྲོལ་རྒྱུན་མངོན་ཐུབ་པའི་རིག་གནས་ལྟེ་བར་བྱེད་པའི་རྟེན་མཛོད་གླིང་ཞེས་བརྗོད་དོན་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད།

W020190521382132002150.jpg

བྱེད་སྒོའི་ཉིན་དེར་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་དབུ་འཛིན་ཝུའུ་ཡུས་གྲུའུ་ཡིས2019ལོའི་རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་ཉིན་མོའི་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་གནང་བ་དང་ཞལ་འདེབས་འབུལ་མཁན་དྲུག་གིས་ཉར་ཚགས་བྱས་པའི་དངོས་རྫས་དང་ལེན་བྱས་པ་མ་ཟད།  བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ལས་མིས་ཐུན་མོང་ཐོག་ཚིག་རྩོམ་ཞིང་གཞས་གདངས་རྩོམ་མཁན་བཀྲ་ཤིས་རྡོ་རྗེས་གདངས་བརྩམས་པ།  བཀྲ་ཤིས་ཉི་མས་བཏང་བའི་འབྲི་གཡག་ཞེས་པའི་གླུ་དབྱངས་ཕུད་འགྲེམས་ཀྱང་བྱས་པ་དང་།  སྐུ་ཞབས་ཀུའུ་ཅིང་གིས་འབྲོག་ཐང་དུ་གསར་རྩོམ་བྱས་པའི་བོད་རིགས་མང་ཚོགས་དང་འབྲི་གཡག་དབར་གྱི་བརྩེ་བ་མངོན་པའི་སྣུམ་ཚོན་རི་མོ20ལྷག་ཙམ་འགྲེམས་སྟོན་ཡང་བྱས་ཡོད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།