ལྷ་ས་གྲོང་ཁྱེར་གྱིས་གཞི་རིམ་དཔེ་ཁང100%ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

138079578_15584920992641n.jpg

འདི་ནི་ལྷ་སའི་གྲོང་མིས་དཔེ་མཛོད་ཁང་དུ་དཔེ་ཆ་ལྟ་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས21ཉིན་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱིས་སྐོར་གསུམ་པའི་རྒྱལ་ཁབ་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་དཔེ་སྟོན་ཁུལ་བཙུགས་པ་ནས་བཟུང་། བསྡོམས་པས་ཞིང(འབྲོག)ཁྱིམ་དཔེ་ཁང228དང་། སྡེ་ཁུལ་གྱི་དཔེ་ཁང52། དགོན་སྡེའི་དཔེ་ཁང231འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། དཔེ་ཁང་ཁྱབ་ཚད100%ལ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། 2015ལོའི་ཟླ7པར་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་དཔེ་སྟོན་ཁུལ་འཛུགས་པར་ཆོག་མཆན་ཐོབ་པ་དང་། 2019ལོའི་ཟླ2པར་ལྷ་ས་གྲོང་ཁྱེར་གྱིས་སྐོར་གསུམ་པའི་རྒྱལ་ཁབ་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་དཔེ་སྟོན་ཁུལ་བདེ་བླག་ངང་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

138079578_15584921379061n.jpg

འདི་ནི་ལྷ་སའི་ཟློས་གར་འཁྲབ་སྟོན་དུས་ཚིགས་སྐབས་སུ་ཟློས་གར་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡི་རྟོག་ཞིབ་མི་སྣ་ཚེ་གཡང་གིས་བཤད་རྒྱུར། དཔེ་སྟོན་ཁུལ་སྐྲུན་པའི་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཐོན་ཁུངས་སྔོན་འདོན་དང་ཧྲག་བསྡུ་བྱས་པ་བརྒྱུད། རྟ་རྒྱུག་འགྲན་བསྡུར་དུས་ཆེན་དང་། བོད་ཀྱི་ཟློས་གར་འཁྲབ་སྟོན་དུས་ཚིགས།  ཞོ་སྟོན་དུས་ཆེན་སོགས་ཁྱད་ཆོས་ལྡན་པའི་སྤྱི་བའི་རིག་གནས་བྱ་འགུལ་སྤེལ་བ་དང་། ལོ་རེར་རིགས་སོ་སོའི་རིག་གནས་བྱ་འགུལ་ཐེངས1289སྤེལ་ཏེ། མང་ཚོགས་མི་ཁྲི54ལྷག་བྱ་འགུལ་ཁྲོད་ཞུགས་ཡོད་ཟེར།

དེ་དང་ཆབས་ཅིག ཚེ་ཡུང་གིས་བཤད་རྒྱུར། ལྷ་ས་གྲོང་ཁྱེར་དུ་རིམ་པ་སོ་སོའི་མང་ཚོགས་སྒྱུ་རྩལ་ཁང་དང་། དཔེ་མཛོད་ཁང་། རྟེན་རྫས་བཤམས་མཛོད་ཁང་། དྲན་རྟེན་ཁང་། རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི་སོགས་སྤྱི་བའི་རིག་གནས་སྒྲིག་ཆས་ཡོངས་རྫོགས་རིན་མེད་ངང་སྒོ་འབྱེད་ཡོད་པ་དང་། གྲངས་འཛིན་དཔེ་མཛོད་ཁང་འཛུགས་སྐྲུན་རྫོང་དང་། ཤང་། གྲོང་ཚོ་བཅས་དྲ་ཚིགས333ལ་ཡོངས་སུ་ཁྱབ་ཡོད་དེ།  ལག་ཁྱེར་ཁ་པར་སོགས་སྒུལ་བདེའི་སྒྲིག་ཆས་ལ་བརྟེན་ནས་མི་སྒེར་གྱིས་དཔེ་དེབ་གཡར་བ་དང་དཔེ་དེབ་སྤྲོད་པ།  རང་ཉིད་དང་ཐག་ཉེ་བའི་དཔེ་མཛོད་ཁང་འཚོལ་བ། རིན་མི་དགོས་པར་གློག་རྡུལ་དཔེ་དེབ་ཁྲི་ཙམ་ལྟ་ཀློག་བྱེད་པ་སོགས་ཀྱི་བྱེད་ནུས་མངོན་འགྱུར་བྱས་ཡོད་ཟེར།

138079578_15584922716521n.jpg

འདི་ནི་ལྷ་སའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་རྟ་རྩལ་འཁྲབ་སྟོན་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།