བོད་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་སློབ་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པ་ནས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྲིད་ཁྲིམས་ལས་ཀའི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ།  འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་སྤྱི་ཚེས20ཉིན་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཧོ་ཝུན་ཧའོ་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཡོན་ཀྲང་བསོད་དར་དང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིབ་དཔྱོད་དཔོན་ཀྲུའུ་ཡཱ་ཕིང་རྣམ་གཉིས་ཀྱང་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་ཡོད།

ཧོ་ཝུན་ཧའོ་ནས་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་གཉེར་བའི་དོན་སྙིང་ཧ་ཅང་གལ་འགངས་ཆེ་བས་དོན་དེས་མཚོན་རྟགས་བྱས་ཏེ།  ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་སློབ་སྦྱོང་ཆེ་མོ་དང་སྦྱོང་བརྡར་ཆེ་མོའི་ཞིབ་བསྡུར་བྱེད་སྒོའི་མཐོ་རླབས་གང་མགྱོགས་ཕྱུར་བར་བྱེད་དགོས་ཞེས་གསུངས་པ་དང་སྦྲགས།  ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་འགན་རྒྱུན་འཁྱོངས།  མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས།  ཁྲིམས་ལྟར་བོད་སྐྱོང་རྒྱུ་རྒྱུན་འཁྱོངས།  རྨང་གཞི་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས།  བསྒྱུར་བཅོས་གསར་གཏོད་བྱེད་རྒྱུ་རྒྱུན་འཁྱོངས།  ཆབ་སྲིད་ཀྱིས་ཉེན་རྟོག་འཛུགས་སྐྱོང་བྱ་རྒྱུར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བཅས་ཀྱི་ཐོག་ནས་སྲིད་ཁྲིམས་ལས་ཀའི་འོས་འགན་བཞི་ལག་བསྟར་ཡག་པོ་བྱས་ཏེ།  དུས་རབས་གསར་པའི་བོད་ཀྱི་སྲིད་ཁྲིམས་ལས་དོན་ཆུ་ཚད་གསར་པའི་ཐོག་སླེབས་པ་བྱས་ཏེ།  གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་བསུ་བ་ཞུ་དགོས་པའི་ནན་གསུངས་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།