ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་ཐོག་བོད་ལྗོངས་འགྲེམས་ཁང་ལ་བྱ་དགའ་མང་པོ་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ཀྲུང་གོའི་རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་སྐབས་བཅོ་ལྔ་པ་ཧྲེན་ཀྲེན་དུ་མཇུག་སྒྲིལ་བ་དང་།  བོད་ལྗོངས་འགྲེམས་ཁང་ལ་ཕུལ་བྱུང་འགྲེམ་སྟོན་བྱ་དགའ་དང་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་རགས་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ཧྲེན་ཀྲེན་རིག་གནས་ཐོན་ལས་འགྲེམས་ཚོགས་ཐེངས་བཅུ་བཞིར་ཞུགས་ཚུན་བོད་ལྗོངས་འཐུས་མི་ཚོགས་པར་ལོ་ཤས་བསྟུད་མར་བྱ་དགའ་དེ་རིགས་རགས་ཡོད།  ཉིན་ལྔའི་རིང་བོད་ལྗོངས་འགྲེམ་ཁང་གིས་གཟུགས་བརྙན་འགྲེམ་སྟོན་དང་ཐོན་རྫས་འགྲེམས་ཚོང་།  རྣམ་གྲངས་འོས་སྦྱོར་སོགས་བརྒྱུད་ཕྱི་ཕྱོགས་ལ་བོད་ཀྱི་བརྗིད་ཆགས་ཡིད་དུ་འོངས་བའི་རང་བྱུང་ཡུལ་ལྗོངས་དང་།  ཐུན་མོང་མ་ཡིན་པའི་མིས་བཟོས་མཛེས་ལྗོངས།  དེ་བཞིན་བོད་ཀྱི་རིག་གནས་བསྒྱུར་བཅོས་གོང་འཕེལ་གྱི་གཡུར་ཟའི་གྲུབ་འབྲས་དྲིལ་བསྒྲགས་བྱས་པས།  རྒྱལ་ཡོངས་ས་གནས་ཁག་གི་ལྟད་མོ་བར་གཙོ་གནད་ཐོག་བོད་ཀྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་རིག་སྐྲུན་ཐོན་རྫས་འོས་སྦྱོར་ལེགས་པོ་བྱུང་ཡོད། 

ཐེངས་འདིའི་རིག་གནས་ཐོན་ལས་འགྲེམས་ཚོགས་ཐོག  བོད་ཀྱི་ཁེ་ལས་གཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སི་སླར་ཡང་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་ཤོས་ཀྱི་རྒྱལ་ཡོངས་རིག་གནས་ཁེ་ལས་ཆེན་པོ30ཡི་མིང་གཞུང་ནང་ཚུད་ཅིང་།  དེ་ནི་སྐབས་གཉིས་བསྟུད་མར་དཔྱད་འདེམས་བྱེད་སྒོ་དེའི་མིང་འདོན་ནང་ཚུད་པའི་བོད་ཀྱི་རིག་གནས་ཁེ་ལས་གཅིག་པུ་དེར་གྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།