ཆབ་མདོས་ཕྱོགས་བསྡུས་མེ་གསོད་ནུས་པ་སྔར་བས་ཆེ་རུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཡན་ལག་རུ་ཁག་གིས་དུས་ཡུན་ཉིན་ལྔའི་རིང་མེ་གསོད་ལས་དོན་སྒྲིག་འཛུགས་བཀོད་འདོམས་དང་མེ་གསོད་བདེ་འཇགས་འགན་སྲུང་གི་སྦྱོང་བརྡར་བྱེད་སྒོ་སྤེལ་བ་རེད།  ས་དབྱིབས་རྙོག་འཛིང་ཆེན་པོ་ཡོད་སར་ཆུ་འཐེན་སྒྲིག་ཆས་བསྒར་བ་དང་ནགས་གསེབ་ཏུ་རྡོག་ཁྲེས་འཁུར་ནས་མདུན་སྐྱོད་བྱེད་པ་སོགས་ཀྱི་སྦྱོང་བརྡར་བརྒྱུད་རྩལ་ནུས་དང་ཟུངས་ནུས་སྦྱོང་བརྡར་ཟུང་འབྲེལ་བྱས་ཏེ།  བཀོད་འཐབ་པའི་དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་རྙོག་འཛིང་ཆེ་བའི་ཆ་རྐྱེན་འོག་གི་ཕྱོགས་བསྡུས་མེ་གསོད་ནུས་པ་སྔར་བས་ཆེ་རུ་བཏང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།