བོད་ལྗོངས་འཕྲིན་གཏོང་གིས་དྲ་ཞུགས་མྱུར་ཚད་མགྱོགས་སུ་གཏོང་བ་དང་གྲོན་དངུལ་གཅོག་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་དྲ་ཞུགས་མྱུར་ཚད་མགྱོགས་སུ་གཏོང་བའི་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པ་དང་། བརྟན་པོའི་ངང་གོང་མཐོར་གཏོང་བ་དང་གྲོན་དངུལ་གཅོག་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ3པ་བར་བོད་ལྗོངས་ཀྱི་སྒུལ་བདེའི་རྒྱུག་འབོར་གྱི་གྲོན་དངུལ་སྒོར7.4/Gཡིན་པ་དེ་དུས་མཚུངས་ལས80.4%ཆག་པ་དང་། ལག་ཐོགས་ཁ་པར་གྱི་རྒྱུག་འབོར་གྲོན་དངུལ་སྒོར7.3/Gཡིན་པ་དེ་དུས་མཚུངས་ལས81.7%ཆག་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི20Mཡན་གྱི་དྲ་ཆེན་སྤྱོད་མཁན་དུད་ཚང་ཁྲི74.3ཟིན་པ་དང་། 100Mཡན་གྱི་དྲ་ཆེན་སྤྱོད་མཁན་དུད་ཚང་ཁྲི57ཟིན་པ། མྱུར་ཚད100Mཡན་གྱི་གཏན་འཇགས་དྲ་ཆེན་མཐུད་པའི་དུད་ཚང་གི་བསྡུར་ཚད69.34%ཟིན་ཡོད་པ་རེད།

གློག་འཕྲིན་གྱི་ཡོངས་ཁྱབ་ཞབས་ཞུ་སོགས་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་འོག་ཆ་འཕྲིན་ཞབས་ཞུ་སྤྱོད་ཆོག་པ་དང་། སྤྱོད་ཐུབ་པ། ཡག་པོ་སྤྱོད་ཐུབ་པ་བཅས་བྱུང་སྟེ་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད། ཞིང་འབྲོག་ཁུལ་གྱི་ཆ་འཕྲིན་ཅན་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་པ་དེས་བོད་ལྗོངས་ལ་འཕེལ་རྒྱས་དང་ཕྱུག་འགྱུར་གྱི“ཆ་འཕྲིན་མཁའ་ལམ”ཞིག་གཏོད་བཞིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཟླ3པ་བར་བོད་ལྗོངས་ཡོངས་སུ་ལག་ཐོགས་ཁ་པར་ནས་དྲ་བར་ཞུགས་མཁན་ཁྲི257.1ཟིན་པ་དེ་ཟླ་བ་གོང་མ་ལས2.47%འཕར་ནས་དུས་མཚུངས་ལས་འཕར་ཚད44%ཟིན་པ་དང་། ལོ་གོང་མའི་ལོ་མཇུག་ལས་སྤྱོད་མཁན་ཁྲི8.2གཙང་འཕར་བྱུང་བ་དེ་དུས་མཚུངས་ལས་འཕར་ཚད(44%)ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད5.6%དང་ནུབ་རྒྱུད་ས་ཁུལ་གྱི་འཕར་ཚད6.5%ལས་ཧ་ཅང་མཐོ་བ་བྱུང་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།