སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་སེམས་ཀྱི་ཉི་ཟླ་ནས་ཚོགས་པ།

wxid_8uo4cap52h0611_1477276090812_87.jpg

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རྡོ་རྗེ་བསམ་འགྲུབ།)ཟླ10བའི་ཚེས24ཉིན། སྐབས་བཅུ་དྲུག་པའི་རྒྱལ་ཡོངས་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ནས་ཚོགས་པ་དང་། ཐེངས་འདིའི་ཚོགས་འདུ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲུབ་བྱས་པ་རེད།

766333138355839683.jpg

        རྒྱལ་ཡོངས་བོད་སྐད་སྨྱན་བྱད་ཀྱི་ལས་གཉེར་ཚོགས་འདུ་ནི་ལོ་རེར་ཐེངས་རེ་འཚོགས་བཞིན་ཡོད་ལ། རེབ་འདིའི་ཚོགས་འདུ་ལ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ལུའུ་པིན་གྱིས་གཏམ་བཤད་པ་དང་ཤིས་ཚིག་ཕུལ་བ་དང་། བདེ་ཆེན་ཚགས་པར་ཁང་གི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཆན་ཞིན་གྱིས་ཚོགས་འདུ་ལ་འགོ་འཛིན་བྱས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་ངམ་སྤྱི་ཁྱབ་རྩོམ་སྒྲིག་པ་ལེའོ་ཅ་ཞིན་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན། སི་ཁྲོན་ཞིང་ཆེན་ཏང་གི་འཛུགས་སྐྲུན་དུས་དེབ་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིན་བཅས་མགོ་ཁྲིད་ཚོགས་སྟེང་ལ་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་།

425583066977326082.jpg

       བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་བོད་ཡིག་གསར་འགྱུར། དཀར་མཛེས་ཉིན་རེའི་ཚགས་པར། རྔ་བའི་ཚགས་པར།  གཞིས་རྩེ་ཚགས་པར། ཀན་ལྷོ་ཚགས་པར། བདེ་ཆེན་ཉིན་རེའི་ཚགས་པར་དང་།  ཨ་མདོ་བརྙན་འཕྲིན་ཁང་། ཁམས་པ་བརྙན་འཕྲིན་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཀྲུང་གོ་བོད་ཀྱི་དྲ་བ། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་ཚིགས་སོགས་རྒྱལ་ནང་གི་བོད་ཀྱི་གསར་འགྱུར་དྲ་བ་གཙོ་བོ་དག་དང་། 《སྦྲང་ཆར》དང《བོད་ཀྱི་སློབ་གསོ》སོགས་ཞིང་ལྗོངས་ལྔའི་དེབ་ཚགས་རྩོམ་སྒྲིག་ཁང་དང་བརྙན་རླུང་འཕྲིན།  དྲ་བ་བཅས་སྨྱན་བྱད་ལས་ཁུངས་སོ་བདུན་ཚོགས་སྟེང་དུ་ཞུགས་ཡོད། ཉིན་བཞིའི་རིང་ལ་ཚོགས་ཞུགས་ལས་ཁུངས་སོ་སོས་ཉེ་བའི་ལོ་གཅིག་རིང་གི་ཕུལ་བྱུང་གསར་འགྱུར་དང་དཔྱད་རྩོམ། དྲ་ལམ་གསར་འགྱུར་ལ་དཔྱད་བདམས་དང། གསར་བྱུང་མིང་བརྡ་གཅིག་གྱུར་བྱ་རྒྱུ་ཡིན་པ་དང་། གཞན་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་གཉེར་གྱི་ཉམས་མྱོང་ཐད་བགྲོ་གླེང་བྱས་ཏེ། བོད་སྐད་སྨྱན་བྱད་ལས་རིགས་ཐུན་མོང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱ་རྒྱུ་རེད།     །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།