ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་ཏུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའམ་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ec888feb46eb19b1af6221.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས4ནས5བར་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་། ཁུལ་ཨུ་ཁྲིམས་ལུགས་ཁྱབ་གདལ་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་། ཁུལ་ཁྲིམས་འཛིན་ཅུའུ། ཁུལ་སྲིད་གཞུང་གི་ཁྲིམས་ལུགས་གཞུང་ལས་ཁང་། ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ཞིབ་དཔྱོད་ཁང་། ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་། ཁུལ610གཞུང་དོན་ཁང་། ཁུལ་ཁྲལ་དོན་ཅུའུ། ཁུལ་ས་གནས་ཁྲལ་དོན་ཅུའུ། ཁུལ་ཁོར་ཡུག་སྲུང་སྐྱོང་ཅུའུ། ཁུལ་རྒྱལ་ཁབ་བདེ་འཇགས་ཅུའུ། ཁུལ་སྣེ་ལེན་གཞུང་དོན་ཁང་། ཁུལ་རྒྱ་གྲམ་དམར་རྟགས་ཚོགས་པ། ཁུལ་ཚོང་དོན་ཅུའུ།  ཁུལ་འཕྲོད་བསྟེན་ལྟ་སྐུལ་ཁང་། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཁུལ་ཚན་རྩལ་ཅུའུ། ཁུལ་བཟོ་ལས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་།  ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ཚན་པ་ཁག་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར། བདེ་ཆེན་རྫོང་།  འབའ་ལུང་རྫོང་བཅས་སུ་སོ་སོར“ ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ”ཞེས་བརྗོད་དོན་ཡིན་པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ།

ec888feb46eb19b1aec504.jpg

ec888feb46eb19b1af2611.jpg

ec888feb46eb19b1af3e1c.jpg

བྱེད་སྒོའི་དྲིལ་བསྒྲགས་སྦྱར་ཡིག་བཀལ་བ་དང་། རྩ་ཁྲིམས་མ་ཡིག་ཁྱབ་གཏོང་བྱེད་པ། དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་འགྲེམ་གཏོང་། བཅའ་ཁྲིམས་ཀྱི་བློ་འདྲི་སྟེགས་བུ་འཛུགས་རྒྱུ་སོགས་ཀྱི་ཐབས་ཤེས་སྤྱད་དེ་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱས། བྱེད་སྒོའི་ནང་ཞུགས་མཁན་གྱི་སྡེ་ཚན་གྱིས་རང་སོ་སོའི་འགན་ནུས་ལྟར་བཅའ་ཁྲིམས་དྲིལ་བསྒྲགས་དང་བཅའ་ཁྲིམས་འདྲི་རྟོག་སྐོར་གྱི་ཞབས་ཞུ་སྤེལ་བ་དང་། འགྲོ་འོང་བྱེད་མཁན་མང་ཚོགས་ལ《ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུ་དང་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྱོང་བྱེད་པར་སྐུལ་འདེད》དང་། 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རང་སྐྱོང་སྲོལ་ཡིག》《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》 བཅའ་ཁྲིམས་རོགས་སྐྱོར་དང་ངལ་རྩོལ་འགན་སྲུང་གི་ཤེས་བྱ་དང་། རྩ་ཁྲིམས་ཤེས་བྱ།སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གྱི་དཔྱད་ཡིག 《བཟའ་ཆས་བདེ་འཇགས་བཅའ་ཁྲིམས》 《ཨའེ་ཙི་ནད་འགོག་བཅོས་སྲོལ་ཡིག》 《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》 《 ཡུན་ནན་ཞིང་ཆེན་ཁེ་བེད་བདག་ཐོབ་སྲིད་འཛིན་སྲུང་སྐྱོབ་དང་ཁེ་དབང་སྲུང་སྐྱོང་གི་ཕྱོགས་སྟོན》 ལོག་ཆོས་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཡིག་ཆ་སོགས་དྲིལ་བསྒྲགས་ལག་དེབ་འགྲེ་གཏོང་བྱས་པ་མ་ཟད། ད་དུང་བཅའ་ཁྲིམས་གནད་དོན་བློ་འདྲི་བྱེད་པའི་མང་ཚོགས་རེ་རེ་ལ་འགྲེལ་ལན་གསལ་བོ་བརྒྱབ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།