ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་འཚོགས་འགོ་ཚུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2016-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས19ཉིན་གྱི་སྔ་དྲོར།ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་གཟབ་རྒྱས་ངང་ཡུན་ནན་ཧའེ་ཀེན་ཚོགས་ཁང་དུ་འཚོགས་འགོ་ཚུགས་པ།    

148222119386030.jpg

ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་བྱེད་པ།གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རབ་དང་རིམ་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ།ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པ།མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པར་མཐུན་སྒྲིལ་དམ་ཟབ་བྱེད་པར་སྐུལ་སློང་གཏོང་བ།རང་འགུལ་གྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐབས་ཇུས་ལ་ཞབས་ཞུ་བྱེད་པ།མཆོང་སྐྱོད་འཕེལ་རྒྱས་ཀྱི་འཕེལ་རྒྱས་ཐབས་ལམ་ཞིག་འཚོལ་ཞིབ་བྱེད་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགོ་ཁྲིད་བྱེད་མཁན་དུ་འགྱུར་བར་སྐུལ་འདེད་གཏོང་བ།ཡུན་ནན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་འཛུགས་རྒྱུར་འབད་བརྩོན་བྱེད་རྒྱུ་བཅས་རེད།

148222121677835.jpg

ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཁྲེན་ཧའོ་དང་རོན་ཁྲིན་ཧྥ།ལི་ཞིའུ་ལིང་།ལུའོ་ཀྲེན་ཧྥུ།ལི་ཅང་།ཁྲིན་ལན་ཡོན།ལི་ཁུའེ་དབྱིན།ཝང་ཞུའེ་རེན།ཀྲང་པའེ་རུའུ།ཧྥན་ཧྭ་ཕིན།ལུའོ་དབྱིན་ཀོན།ཀྲའོ་ཏེ་ཀོན།ཧོའུ་ཞིན་ཧྭ།ཝུན་ཅན་བཅས་ཡོད་པ་དང་།ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་ཁག་གི་ཁོངས་མི་གཞན་ཀྲུའུ་ཞི་སྟེབས་བུའི་ཐོག་བཞུགས་ཡོད།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལྟ་སྐུལ་སློབ་སྟོན་ཚོ་ཆུང་གིས་ཚོགས་ཆེན་ཐོག་སློབ་སྟོན་བྱས།

ཚོགས་ཆེན་ནི་རོན་ཁྲིན་ཧྥ་ཡིས་གཙོ་སྐྱོང་གནང་བ་རེད།

ཐེངས་འདིའི་ཚོགས་ཆེན་ནང་འཐུས་མི728འབྱོར་དགོས་པ་དང་།དངོས་སུ715འབྱོར་ཡོད་པས།ཚད་གཞི་དང་མཐུན་པ་རེད།

ཁྲེན་ཧའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་སྐབས་དགུ་པའི་ཨུ་ལྷན་གྱི་ཚབ་བྱས་ནས་ཚོགས་ཆེན་ཐོག་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་ཟོལ་མེད་མཐའ་གཅིག་ཏུ་བྱེད་པར་དམ་ཟབ་མཐུན་སྒྲིལ་བྱེད་པ་དང་།འགན་ཁུར་ཕོད་པ་དང་།ཡར་རྒྱས་བརྩོན་ལེན་བྱས་ནས།ཡུན་ནན་ཕྱོགས་ཡོངས་ནས་འབྱོར་འབྲེང་སྤྱི་ཚོགས་སུ་འཛུགས་པར་འབད་བརྩོན་བྱེད་དགོས་ཞེས་པའི་སྙན་སེང་བྱས།

148222124145974.jpg

ཐེངས་འདིའི་ཚོགས་ཆེན་ནང་ཟུར་ཞོགས་བྱེད་མི་འཐུས་མི་མ་ཡིན་པའི་སྐབས་དགུ་པའི་ཞིང་ཨུའི་ཨུ་ཡོན་དང་།འཐུས་མི་མ་ཡིན་པའི་སྐབས་བཅུ་པའི་ཞིང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན།ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན་བདམ་བྱའི་འོས་མིའི་གྲ་སྒྲིག་འོས་མི།འཐུས་མི་མ་ཡིན་པའི་ཞིང་ཨུ་དང་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན།ཞིང་ཆེན་སྲིད་གཞུང་།ཞིང་ཆེན་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། མི་དམངས་ཚོགས་ཁག དངོས་གཞིའི་ཚན་ཁག་སློབ་གླིང་།ཞིང་ཆེན་རིམ་པར་གཏོགས་པའི་ཁེ་ལས་དང་བྱ་བཞག་ལས་ཁུངས་ཀྱི་ཏང་ཡོན་དང་འགན་འཁུར་བ་སོགས་ཡོད།

ཐེངས་འདིའི་ཚོགས་ཆེན་ཐོག་ཆེད་གདན་དུ་ཞུགས་མི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་བྱས་མྱོང་བ་དང་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་མྱོང་བའི་བློ་མཐུན་རྒན་པ་དང་།ཞིང་ཆེན་རིམ་པའི་དམངས་གཙོའི་ཏང་ཤོག བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ།ལས་ཐོག་ཞིང་ཆེན་རིམ་པ་གཞོན་པའི་ཀྲུང་གོ་གུང་ཁྲན་ཏང་ཡོན་མ་ཡིན་པའི་འགོ་ཁྲིད་ལས་བྱེད་པ།ཡུན་ནན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་སོགས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།