ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཨང་རྟགས་ཀྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

148395421863577.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ1པའི་ཚེས5ཉིན་གྱི་དུས་ཚོད11ཐོག་ཡུན་ནན་ནས་པེ་ཅིན་དུ་བསྐྱོད་པའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་རྟགས་ཅན་གྱི་འགྲེམས་ཐེངསG405/6པའི་མྱུར་བགྲོད་མེ་འཁོར་དེ་ཁུན་མིང་འབབ་ཚུགས་ལྷོ་མ་ནས་འགོ་བརྩམས་ཏེ་ཤར་གཏོང་བྱས་པ་དང་།ཐོག་དང་པོར་བསྐྱོད་འགོ་བརྩམས་པའི་མྱུར་བགྲོད་མེ་འཁོར་འདིས་ཡུན་ནན་ནས་པེ་ཅིང་དུ་བསྐྱོད་པའི་ཡུལ་སྐོར་རིག་གནས་ཀྱི་མེ་འཁོར་དངོས་སུ་གཏོང་འགོ་ཚུགས་ཡོད་པ་མཚོན་འདུག   མིང་ལ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་བཏགས་ཡོད་པའི་མྱུར་བགྲོད་མེ་འཁོར་དངོས་སུ་འཁོར་བསྐྱོད་བྱས་པ་འདི་ནི་ཡུན་ནན་ཞིང་ཆེན་གྱིས་ས་ཁུལ་གྱི་མིང་ནི་མྱུར་བགྲོད་མེ་འཁོར་གྱི་ཐོག་སྤྱད་པ་ཐེངས་དང་པོར་ཆགས་ཡོད་ལ།   བདེ་ཆེན་ཁུལ་གྱིས་ཆེས་ཐོག་མར་ལྕགས་ལམ་ཐོག་གི་སྨྱན་སྦྱོར་བེད་སྤྱད་བྱས་ནས་ཡུལ་སྐོར་སྤུས་རྟགས་འོས་སྦྱོར་བྱེད་པའི་བྱ་ཐབས་གསར་བ་ཞིག་ཀྱང་ཡིན་པ་རེད།  

148395423696478.jpg

148395423678790.jpg

འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཨང་རྟགས་ཀྱི་ཡུལ་སྐོར་རིག་གནས་ཀྱི་མྱུར་བགྲོད་མེ་འཁོར་དེ་ནི་ཁུན་མིང་ལྕགས་ལམ་ཅུས་དང་བདེ་ཆེན་ཁུལ་གྱིས་མཉམ་ལས་བྱས་པ་ཞིག་ཡིན་ཞིང་།ཁུན་མིང་འབབ་ཚུགས་ལྷོ་མ་བརྒྱུད་ནས།  མྱུར་བགྲོད་མེ་འཁོར་ཐོག་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་གླུ་གཞས་འཁྲབ་སྟོན་དང་།   མི་རིགས་ཀྱི་ཁྱད་ལྡན་ཚོང་རྫས་འགྲེམས་སྟོན།   ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་དང་རིག་གནས་སྤེལ་རེས་མཉམ་འགུལ་བྱེད་པའི་རྣམ་པ་མངོན་པ་སོགས་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཉམས་འགྱུར་ཀུན་ལ་བཀྲམས་ནས།འཛམ་གླིང་གིས་སེམས་ཀྱི་ཉི་ཟླར་རྒྱུས་ལོན་དང་། འཛམ་གླིང་དང་སེམས་ཀྱི་ཉི་ཟླའི་བར་ཐག་ཇེ་ཉེར་གཏོང་ཅི་ཐུབ་བྱས་ཡོད།  

148395423646279.jpg

148395426483144.jpg

བདེ་ཆེན་སེམས་ཀྱི་ཉི་ཟླར་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་།ཡུལ་སྲོལ་གོམས་གཤིས་དང་། ཡུལ་སྐོར་ཐོན་རྫས་སྣ་མང་ཡོད་པ་སོགས་ཡུལ་སྐོར་མཚན་སྙན་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།ཡུན་ནན་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་དང་སེམས་ཀྱི་ཉི་ཟླ་ཆེན་མོའི་ཡུལ་སྐོར་གྱི་ལྟེ་བའི་ས་ཁུལ་དུ་གྱུར་ཡོད་པས།རྒྱལ་ཡོངས་ས་གནས་ཁག་གི་གྲོགས་པོ་ཚོ་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཨང་རྟགས་ཀྱི་མྱུར་བགྲོད་ལྕགས་ལམ་ལ་བསྡད་ནས།སེམས་ཀྱི་ཉི་ཟླར་ཡོང་བ་དང་།   གནས་འདི་ལ་རྒྱུས་ལོན་བྱེད་པ།   གནས་འདི་ལ་གཅེས་སྐྱོང་བྱས་ནས་སྐུ་མགྲོན་རང་གི་སེམས་གཏིང་གི་སེམས་ཀྱི་ཉི་ཟླ་དེ་འཚོལ་ཐུབ་པའི་རེ་བ་བཅང་ཡོད།  

148395426363173.jpg

148395426451509.jpg

ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཨང་རྟགས་ཀྱི་མེ་འཁོར་ཐོག་མ་དེ་ཤར་གཏོང་བྱེད་པར་འཛུམ་མདངས་ཟབ་མོས་མགྲོན་པོ་བསུ་བ་དང་།   དྲིལ་བསྒྲགས་འགྲེམས་སྟོན་བྱེད་པ།  མེ་འཁོར་ནང་ཁྱད་ལྡན་ཚོང་ཟོག་འགྲེམས་ཚོང་བྱེད་པ།   མེ་འཁོར་སྟེང་གླུ་གར་འཁྲབ་སྟོན་བྱེད་པ།  མེ་འཁོར་སྟེང་ཡུལ་སྐོར་འོས་སྦྱོར་བྱེད་པ་སོགས་ཀྱི་རྣམ་པས་དྲིལ་བསྒྲགས་ངོ་སྤྲོད་བྱས་ཡོད་པ་དང་།   བྱེད་སྒོ་སྣ་མང་ལ་བརྟེན་ནས།   མི་རྣམས་ལ་གསར་ཞིང་གཙང་ལ།མིག་གི་དགའ་སྟོན་དུ་འགྱུར་བའི་ལོངས་སྤྱོད་ཅི་རིགས་སྦྱིན་ནས། བདེ་ཆེན་སེམས་ཀྱི་ཉི་ཟླ་ནི་ཡུན་ནན་ལས་བརྒལ་ཏེ་འཛམ་གླིང་དུ་བསྐྱོད་པར་བརྩོན་ཡོད།  

148395428616561.jpg

148395428626094.jpg

148395428667727.jpg

ཤེས་རྟོགས་བྱུང་བར་གཞིགས་ན། མེ་འཁོར་གཏོང་ཐེངས་ལན་གཅིག་གི་འཁོར་སྐྱོད་དུས་ཚོད་དེ་ཆུ་ཚོད་12ཙམ་ཡིན་པ་དང་།ལམ་བར་དུ་ཀོས་ཡང་ནས། ཁྲང་ཧྲ་དང་། ཝོའུ་ཧན། ཀྲེང་ཀྲོའུ། ཧྲེ་ཅ་ཀྲོང་།པེ་ཅིང་སོགས་གྲོང་ཁྱེར་གཙོ་བོ་ཁག་བརྒྱུད་དགོས། མེ་འཁོར་བསྐྱོད་འགོ་བརྩམས་རྗེས་ཉིན་གཅིག་གི་དུས་ཚོད་ནང་ཁུན་མིང་ནས་པེ་ཅིང་དུ་སླེབས་པ་མངོན་འགྱུར་བྱུང་ཐུབ་རྒྱུ་ཡིན་ལ།མེ་འཁོར་གྱི་རིམ་པ་གཉིས་པའི་སྤ་སེའི་རིན་གོང་ནི་སྒོར1147.5ཡིན་པ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།