ཀྲུང་གོ་བོད་ཀྱི་དྲ་བ།

གུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁུལ་སྟོན་བསུ་བའི་རྣམ་གྲངས་གཙོ་བོར་ཞིབ་དཔྱད་བྱས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་དྲ་བ།     སྤེལ་དུས། : 2017-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

148758277387099.jpg

 ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁུལ་སྟོན་བསུ་བའི་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་གནས་ཚུལ་དུ་ཞིབ་བཤེར་བྱེད་བཞིན་པ། 

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁུལ་སྟོན་བསུ་ལ་ཉེ་བའི་སྐབས་སུ། ཁུལ་ཨུའི་ཧྲུའུ་ཅི་གུན་ཁུན་གྱིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་ས་གནས་ཀྱི་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་གྱི་ལེགས་བཅོས་ལས་གྲྭ་དང་ཉི་འོད་ཐང་ཆེན་གྱི་འཛུགས་སྐྲུན།རྡོ་མཁར་རྫོང་གི་ཉམས་གསོ་བསྐྱར་སྐྲུན་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ལས་ཡུལ་དངོས་སུ་ཟབ་ཞུགས་བྱས་ནས་ཁུལ་སྟོན་བསུ་བའི་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་དཔྱད་བྱས།

གུའུ་ཁུན་གྱིས་སྤུས་ཚད་དང་འཛུགས་སྐྲུན་བྱེད་ཚད་རྒྱུན་འཁྱོངས་བྱེད་པའི་དུས་མཚུངས་སུ། སྟོབས་ཤུགས་གང་ཡོད་ཀྱིས་ལས་གྲྭ་ཁག་གི་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་བཏང་ནས། བདེ་ཆེན་ཁུལ་བཙུགས་ནས་ལོ60འཁོར་བར་ལེགས་སྐྱེས་འབུལ་དགོས་པའི་གནད་བཤད་གནང་བ་རེད།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་། སེམས་ཀྱི་ཉི་ཟླ་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ།འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་ཞིབ་དཔྱད་བྱེད་རོགས་གནང་བ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།