ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་གླུ་གར་སུའེ་ཙེར་རྒྱལ་ཁབ་དུ་འཁྲབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོའི་བོད་ཀྱི་ལོ་གསར་ཐོན་ལ་ཉེ་བྱུང་། ཟླ2པའི་ཚེས19ཉིན། བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་སུའུ་ལི་ཧྲེ་རྒྱལ་སྤྱིའི་གྲོས་ཚོགས་ཁང་དུ་ཆེད་དོན་འཁྲབ་སྟོན་བྱས་པ་རེད།སུའེ་ཙེར་རྒྱལ་ཁབ་དུ་སྡོད་པའི་བོད་རིགས་སྤུན་ཟླ་དང་ཕྱིར་སྡོད་རང་མི།  སུའེ་ཙེར་གྱི་མཛའ་མཐུན་གྲོགས་པོ་རྣམས་ལ་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱི་ཁྱད་ཆོས་མངོན་པར་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་པར་ཀུན་གྱིས་དགའ་བསུ་གནང་ཡོད།  

148790019582979.jpg

འཁྲབ་སྟོན་འགོ་བརྩམས་མ་ཐག  སྙན་འཇེབས་ལྡན་པའི་གླུ་གཞས་སེམས་ཀྱི་ཉི་ཟླའི་སྨོན་འདུན་ཞེས་པ་དེས་ཚོགས་རའི་མི་སྣ་ཡོངས་ལ་བཀྲ་ཤིས་ཤིང་སྤྲོ་སྣང་ལྡན་པའི་ཚོར་བ་ཞིག་བསྩལ་ཞིང་།  དེའི་རྗེས་སུ་སེམས་ཀྱི་ཉི་ཟླའི་མཛའ་གཞས་དང་།  བདག་གི་ཕ་ཡུལ་ནི་ཤམ་བྷ་ལ་ཡིན།   སེམས་ཀྱི་ཉི་ཟླའི་ཞབས་གླུ་སོགས་གླུ་གར་གྱིས་བོད་རིགས་མང་ཚོགས་ཀྱི་སྤོབས་པ་དང་སྤྲོ་སེམས་ཡོངས་སུ་མཚོན་པར་བྱས་ཤིང་།   གླུ་གར་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མི་ཡུལ་གྱི་དག་ཞིང་སྟེ་སེམས་ཀྱི་ཉི་ཟླ་ཞེས་ཕྱོགས་ཀུན་ལ་སྙན་གྲགས་རྒྱས་པའི་ཡུལ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགྲེམ་ཅི་ཐུབ་བྱས་ཡོད། 

148790019033799.jpg

མཚོ་བོད་མཐོ་སྒང་གི་ལྷོ་རྒྱུད་མཐའ་ཁུལ་དང་གཙང་གསུམ་མཉམ་བཞུར་མཛེས་ལྗོངས་ཁུལ་གྱི་ལྟེ་བར་གནས་པའི་བདེ་ཆེན་ཁུལ་ནི་སྔོན་ཆད་ཇ་རྟ་ཚོང་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན།འཁྲབ་སྟོན་བྱེད་པའི་གོ་རིམ་ཁྲོད་བདེ་ཆེན་མི་རིགས་གླུ་གར་ཚོགས་པའི་ཞབས་བྲོ་སྟེ་གནའ་ལམ་གྱི་བརྩེ་སེམས་ཞེས་པས་སྔར་གྱི་ཚོང་ལམ་གྱི་འགྲུལ་བཞུད་ཁྲོད་རྟ་དྲེལ་གྱི་དྲིལ་བུ་སིལ་སིལ་གྲགས་པའི་ལོ་ཟླའི་སྣང་བརྙན་དེ་གསར་བཞེངས་བྱས་ཤིང་།  ཡང་བོད་ཀྱི་སྲོལ་རྒྱུན་ཞབས་བྲོ་བུ་མོ་དཀར་མཚོ་ཞེས་པ་དེས་བོད་རིགས་བུ་མོ་ཞིག་ཚོང་འདུས་ཁྲོམ་རར་ཞུགས་པའི་དགའ་སྣང་དང་སེམས་ཁམས་ཀྱི་འགྱུར་བ་མཚོན་པའི་སྣང་བརྙན་གསར་བཞེངས་བྱས་ཡོད་པས་ལྟད་མོ་བའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་པར་བྱས་ཡོད།   

148790019125067.jpg

འཁྲབ་སྟོན་བྱེད་པའི་བར་སྐབས་སུ། ཕྱིར་སྡོད་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས་འཁྲབ་སྟོན་པར་དྭངས་གཙང་གི་ཁ་བཏགས་ཕུལ་ནས་བོད་ཀྱི་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར་ཁོང་ཅག་ལ་ཕ་ཡུལ་གྱི་གླུ་གར་འཁྲབ་སྟོན་བྱས་ནས་བརྩེ་བ་ཟབ་མོ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།  གཞན་བདེ་ཆེན་མི་རིགས་གླུ་གར་ཚོགས་པ་ལེ་ཁེ་ཐེན་སི་ཐེན་ས་ཆར་བསྐྱོད་ནས་བོད་ཀྱི་ལོ་གསར་གྱི་རིག་རྩལ་འཁྲབ་སྟོན་ནང་ཞུགས་རྒྱུ་རེད།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།