ཀྲུང་གོ་བོད་ཀྱི་དྲ་བ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡོངས་ཀྱིས་ཞིང་སྡེའི་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར11.9ཟིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོར། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནན་ཏན་སྒོས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན། ཁུལ་བཅས་ཀྱི“ཞིང་གསུམ”བྱ་བ་ཐད་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། སྲ་བརྟན་སྒོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་གྱི་འཕེལ་རྒྱས་འདུ་ཤེས་བཙུགས་ཤིང་།དབུལ་སྐྱོར་གསར་སྤེལ་དང་ཟུང་འབྲེལ་བྱས་ནས་ཧུར་ཐག་སྒོས་མཐོ་སྒང་ཁྱད་ལྡན་ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་དང་།མཛེས་ལྡན་བདེ་སྡོད་ཞིང་སྡེ་འཛུགས་སྐྲུན། ཞིང་སྡེ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་སོགས་བྱ་བའི་གཙོ་གནད་ལ་སྐུལ་འདེད་བཏང་ནས་ཞིང་སྡེའི་དཔལ་འབྱོར་གཙོ་བོའི་དམིགས་ཚད་མུ་མཐུད་དུ་འཕར་སྣོན་བྱུང་བ་མངོན་འགྱུར་བྱུང་ཞིང་།གྲོང་ཁྱེར་ཡོངས་ཀྱི་ཞིང་སྡེའི་དཔལ་འབྱོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར11.9སླེབས་པ་དང་།ཐོན་ལས་དང་པོའི་སྒོར་དུང་ཕྱུར4.27ལེགས་འགྲུབ་བྱས་ཤིང་།ཁུལ་ཡོངས་ཀྱི་བསྡུར་ཚད་ཀྱི37.45%ཟིན་ཡོད།ཞིང་སྡེའི་གཏན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར7173ལ་སླེབས་པ་དང་།ཁུལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར85ལས་མཐོ་བ་ཡིན་ལ།ཐོན་ལས་གསུམ་པའི་བསྡུར་ཚད3.8:35.3:60.9ལ་ལེགས་སྒྲིག་བྱས་ཡོད།

གྲུབ་འབྲས་ལེན་པ་དང་ཆབས་ཅིག་ཏུ།ད་དུང་ཞིང་ལས་ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཆུང་བ་དང་།ཁྲོམ་རའི་རང་བཞིན་གྱི་ཚད་དམའ་བ།ཞིང་སྡེའི་རྨང་གཞི་ཞན་པ།ཕྱོགས་བསྡུས་འཕེལ་རྒྱས་ཀྱི་ནུས་ཤུགས་ཀྱི་མི་འདང་བ།ཞིང་པའི་ཡོང་འབབ་མུ་མཐུད་དུ་འཕར་སྣོན་བྱེད་པར་དཀའ་ཚད་ཆེ་བ།སྤྱི་ཁོག་ཏུ་བལྟས་ན་དེ་འདྲ་ཕུན་སུམ་ཚོགས་པ་མིན་པ་སོགས་གནད་དོན་ཡོད། 2017ལོར།  “ཐོན་ལས་འཕེལ་རྒྱས”ཀྱི་མཛུབ་ཁྲིད་འབུར་ཐོན་བྱས་ཏེ།མཐོ་སྒང་ཁྱད་ལྡན་ཟོང་རྟགས་དང་།གཞི་ཁྱོན་གྱི་ཕན་འབྲས་མཐོར་འདེགས།ཁྲོམ་ར་ཅན་གྱི་དཔལ་འབྱོར་གནས་ཚད་ཇེ་མཐོར་གཏོང་བ་ཞིག་བསྐྲུན་ནས་ཞིང་ལས་ལས་ཆོད་འཕར་སྣོན་དང་།ཞིང་བའི་ཡོང་སྒོ་འཕར་སྣོན།ཞིང་སྡེ་གཏན་འཇགས་བཅས་ལ་འགན་ལེན་ཏན་ཏིག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།