ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་གྱིས་ཁྱད་ལྡན་ཞིང་ལས་ལ་བརྟེན་ནས་དེང་རབས་ཅན་གྱི་ཞན་ཆ་གསབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས12ཉིན། ན་ནིང་ཨ་ཧྥེ་རི་ཁ་གླིང་དུ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་ཞུགས་པའི་སྐོར་གླེང་སྐབས་ཕུའར་གྲོང་ཁྱེར་ཅིང་མའེ་མི་ཁྱིམ་གྱི་སྦྱིན་བདག་ཤན་ཀུའེ་ཡི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར། ད་ལོ་ཟླ4པར་ཏའེ་རིགས་ཀྱི་བུད་མེད་དེ་སླར་ཡང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་རུ་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་དེ་བཞིན་སྲིད་ཏང་གི་འཐུས་མི་ཚོར་ཕུའར་ཇ་སྦང་བར་བསྐྱོད་ཡོད། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་་མིང་གྲགས་གང་སར་ཁྱབ་པ་དང་བསྟུན་ནས་ཡུན་ནན་གྱི་ཞིང་པ་དེ་བས་མང་བས་རྒྱལ་སྤྱིའི་ཁྲོམ་ར་དང་སྦྲེལ་མཐུད་ཐུབ་པ་བྱས་ཡོད། ན་ནིང་ཡུན་ནན་ཞིང་ཆེན་གྱི་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར44.7ཟིན་ནས་ཐག་རིང་གི་རྒྱལ་ཁབ་དང་ས་ཁུལ110ལྷག་ཙམ་ལ་ཕྱིར་ཚོང་བྱས་པས་ལོ་ཤས་བསྟུད་མར་ནུབ་རྒྱུད་ཀྱི་ཨང་པོར་སླེབས་ཡོད།

“སྣ་མང་ཕུན་སུམ་ཚོགས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་སྤུས་ལེགས། དུས་བཞི་དྲི་ཞིམ་འཐུལ་བ”བཅས་ལས་ཡུན་ནན་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མངོན། “ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་ཆེད། ཡུན་ནན་གྱིས་དེང་རབས་ཅན་གྱི‘ཞན་ཆ’གསབ་རྒྱུར་གཞིགས་ནས་ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་མུ་མཐུད་ཤུགས་རྒྱག་དགོས”ཞེས་ཡུན་ནན་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་ཝང་མིན་ཀྲེང་གིས་བཤད།

ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྣེ་འདྲེན་གྱི་ནུས་པ་འདོན་དགོས། ཧོ་ཡོན་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་ཞིང་དུད་ཁྲི2.7དང་ས་ཞིང་མུའུ་ཁྲི4.5ཁྲོམ་ར་དང་སྦྲེལ་མཐུད་བྱ་རྒྱུར་སྣེ་ཁྲིད་དེ་དམར་ཆུ་ཧ་ཉི་དབྱིས་རིགས་རང་སྐྱོང་ཁུལ་ཅན་ཧྲུའེ་རྫོང་གི་ཤང་བཅུ་ལྷག་ཙམ་གྱི་ཞིང་པས་དེ་སྔ་ཞོག་ཁོག་དང་མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་པ་ནས་ཡུན་ནན་གྱི་སུར་པན་འདེབས་འཛུགས་བྱ་རྒྱུར་འགྱུར་ལྡོག་བཏང་ཡོད་པས་མུའུ་རེའི་ཐོན་རྫས་རིན་ཐང་སྒོར700མ་ཟིན་པ་ནས་སྒོར7000ཙམ་བར་འཕར་ཡོད། མིག་སྔར་ཡུན་ནན་གྱིས་ཞིང་ལས་འཇོན་ཐང་ཅན་གྱི་ཁེ་ལས19གསོ་སྐྱོང་བྱས་ཡོད་པ་དང2020ལོར་སླེབས་སྐབས་ཁེ་ལས100བར་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།

ཞིང་ལས་དེང་རབས་ཅན་དུ་འགྱུར་བར་སྤུས་རྟགས་གཏོད་དགོས། “འཛད་སྤྱོད་པར་ཇ་ཞིམ་པོ་ཞིག་འཐུང་ཐུབ་པ་དང་ཇ་འདེབས་ཞིང་པར་ཕན་པ་དངོས་ཐོབ་པ་བྱེད་དགོས་ན་ངེས་པར་དུ་སྤུས་རྟགས་ཀྱིས་ཁྲིད་སྟོན་བྱས་ནས་ཕུའར་ཇ་ཁ་ཐོར་དང་། ཟང་ཟིང་། ཞན་པ་སོགས་ཀྱི་ད་ལྟའི་གནས་སྟངས་ལ་འགྱུར་ལྡོག་གཏོང་དགོས”ཞེས་ཚོང་རྟགས་ཐོ་འགོད་མཁན་ནན་ཁང་གིས་བཤད། 2016ལོར་ཡུན་ནན་གྱིས་བདེན་དཔང་ར་སྤྲོད་བྱས་པའི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”(གནོད་མེད་ཞིང་ལས་ཐོན་རྫས་དང་། སྔོ་ལྗང་བཟའ་རིགས། སྐྱེ་ལྡན་ཞིང་ལས་ཐོན་ཟོག་དང་ཞིང་ལས་ཐོན་ཟོག་གི་ས་ཁམས་མཚོན་རྟགས་ཁེ་ལས)གི་ཞིང་ལས་ཁེ་ལས119དང་ཐོན་རྫས336གིས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད།

ཡུན་ནན་གྱི་ཞིང་ལས་ཐོན་ཟོག་ཕྱིར་གཏོང་གི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་གཏོང་བཞིན་ཡོད། མིག་སྔར་ཡུན་ནན་གྱིས་ཕྱི་རྒྱལ་དུ་མ་རྩ་བཏང་ནས་བཙུགས་པའི་ཞིང་ལས་ཁེ་ལས123ཡོད་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པས་མ་འཇོག་བྱེད་ཚད་ཁྱོན་ཨ་སྒོར་དུང་ཕྱུར7.4ཙམ་ཟིན་པ་དང་སྔ་རྗེས་སུ་ཁམ་ཕུ་ཁྲེ་དང་། ལོ་སི། འབར་མ་བཅས་དང་མཉམ་ལས་བྱས་ནས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང4བཙུགས་ཏེ་འདེབས་འཛུགས་ལ་འཚམ་པའི་སྣ་ཁ34དཔེ་སྟོན་ཚོད་འདེབས་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།