ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱི་གྲོང་ཆུང་གསུམ་ཡུན་ནན་གྱི་ཁྱད་ལྡན་གྲོང་ཆུང་ནང་བདམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་གྲོང་ཆུང་གསར་འཛུགས་བྱེད་པའི་མིང་ཐོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། ས་དམ་གནའ་གྲོང་སོགས་ཞིང་ཆེན་ཡོངས་ཀྱི་གྲོང་ཆུང105དེ་རྒྱལ་སྤྱིའི་ཆུ་ཚད་དང་། རྒྱལ་ཡོངས་ཀྱི་རྩེ་བཟང་། ཞིང་ཆེན་ཡོངས་ཀྱི་རྩེ་བཟང་ཡིན་པའི་ཁྱད་ལྡན་གྲོང་ཆུང་གསར་འཛུགས་བྱེད་པའི་མིང་ཐོའི་ནང་ཚུད་ཡོད་ལ།  འདིས་ཡུན་ནན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་གྲོང་ཆུང་གསར་འཛུགས་ལས་དོན་ཁྱོན་ཡོངས་ནས་འགོ་བརྩམས་པ་མཚོན་ཡོད།  

ཐེངས་འདིར་བདམས་ཐོན་བྱུང་བའི་ཁྱད་ཆོས་ལྡན་པའི་གྲོང་ཆུང105དེ་རིམ་པ་གསུམ་དུ་བགོས་ཡོད།རིམ་པ་དང་པོ་ནི་རྒྱལ་སྤྱིའི་ཆུ་ཚད་དང་མཐུན་པའི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ5གསར་འཛུགས་བྱ་རྒྱུ་དེ་ཡིན།   རིམ་པ་གཉིས་པ་ནི་རྒྱལ་ཡོངས་ནས་རྩེ་བཟང་ཡིན་པའི་ཁྱད་ལྡན་གྲོང་ཆུང20གསར་འཛུགས་བྱ་རྒྱུ་དེ་ཡིན་པ་དང་།  དེའི་ཁྲོད་དུ་བདེ་ཆེན་སེམས་ཀྱི་ཉི་ཟླའི་ཟླ་འོད་གྲོང་ཆུང་འདུས་ཡོད།   རིམ་པ་གསུམ་པ་ནི་ཞིང་ཆེན་ཡོངས་ནས་རྩེ་བཟང་ཡིན་པའི་ཁྱད་ལྡན་གྲོང་ཆུང80གསར་འཛུགས་བྱ་རྒྱུ་དེ་ཡིན་པ་དང་། དེའི་ཁྲོད་དུ་སྨན་རི་གྲོང་ཆུང་དང་། འབའ་ལུང་གི་མཐོ་སྒང་འཁྱགས་ཆང་གྲོང་ཆུང་གཉིས་འདུས་ཡོད།  

རྡོ་མཁར་རྫོང་ནི་བོད་རང་གི་འབོད་སྟངས་ཤིག་ཡིན་ལ།   ཟླ་འོད་གྲོང་དང་ཡང་ན་རྡོ་ཐོག་ཏུ་བཞེངས་ཡོད་པའི་མཁར་རྫོང་གི་དོན་ལ་གོ    ཇ་རྟའི་འདྲེན་ལམ་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཏུ་གྱུར་བའི་རྡོ་མཁར་རྫོང་འདི་ཉིད་ནི་གནའ་བོའི་ཐུ་བྷོའི་རྒྱལ་རབས་སྐབས་སུ་བཙུགས་པ་ཞིག་ཡིན་ཞིང་།   ད་ལྟའི་བར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན། 

༢.jpg

རྡོ་མཁར་རྫོང་གི་མཛེས་ལྗོངས།

2016ལོའི་ཟླ12པའི་ཚེས16ཉིན།ཀྲུང་གོའི་འཁྱགས་ཆང་གྲོང་ཞེས་པའི་མཚན་སྙན་དེ་བདེ་ཆེན་འབའ་ལུང་རྫོང་ལ་ཐོབ་ཅིང་།  འབའ་ལུང་རྫོང་གིས་འཁྱགས་ཆང་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལྟར།  མ་འོངས་པའི་ལོ་བཅུ་ནས་བཅོ་ལྔའི་ནང་རྫོང་ནང་དུ་རྒུན་འབྲུམ་འདེབས་འཛུགས་ཀྱི་རྟེན་གཞི་མུའུ30000བཟོ་རྒྱུ་ཡིན་པ་དང་།ལོ་རེར་འཁྱགས་ཆང་ཏུན3000ཐོན་སྐྱེད་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།  ཡུང་ཁྲུན་ཆུ་བོའི་འགྲམ་རྒྱུད་གཉིས་སུ་འཁྱགས་ཆང་གྲོང་ཆུང་ཞིག་དང་འཁྱགས་ཆང་རིག་གནས་ཀྱི་རྟེན་གནས་བཙུགས་ཏེ་འབའ་ལུང་རྫོང་ནི་འཛམ་གླིང་ཡོངས་སུ་གཉུག་མའི་འཁྱགས་ཆང་ཐོན་སྐྱེད་དང་འཁྱགས་ཆང་རིག་གནས་ཐད་ཀྱི་ཡུལ་སྐོར་བྱེད་པའི་གནས་མཆོག་ཅིག་ཏུ་བསྒྱུར་རྩིས་ཡོད།

微信图片_20170621095035.jpg

སྨན་རི་ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་འབྲི་ཆུ་དང་། ཟླ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཀྱི་གཙང་གསུམ་མཉམ་རྒྱུག་ས་ཁུལ་དུ་གནས་ཡོད་ཅིང་།  མིག་སྔའི་བར་མིའི་རིགས་ཀྱིས་གངས་འཛེགས་བྱས་ཐུབ་མེད་པའི་བོད་ཡུལ་གྱི་གངས་རི་གྲགས་ཆེ་བ་ཞིག་ཡིན།  

ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་གིས་མགྱོགས་མྱུར་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་གྲོང་ཆུང་ནོར་ཁྲལ་སྲིད་ཇུས་དོན་འཁྱོལ་བཏང་ནས།   ཉེ་དུས་གྲོང་ཆུང་རེ་ལ་སྒོར་ཁྲི1000ཡི་གསར་འཛུགས་མ་དངུལ་སྤྲོད་རྒྱུ་རེད།    ཟླ9པའི་ཟླ་མཇུག་གི་སྔོན་ལ་གྲོང་ཆུང་ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་རེད། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།