ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་ཞིང་ཆེན་བདེ་ཆེན་ཡུལ་གྱི་རང་བྱུང་རྩྭ་ར་ཁྱབ་ཚུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུན་ནན་ཞིང་ཆེན་བདེ་ཆེན་གྱི་ཡུལ་དུ་རང་བྱུང་རྩྭ་ར་རིགས265ཡོད།  ཁུལ་ཡོངས་ཀྱི་རྩྭ་སའི་ཐོན་ཁུངས་ཁྲོད་རྩྭ་ས་ལེགས་ཤོས་ཀྱིས25%ཟིན་ཡོད།  རྩྭ་ས་ཅུང་བཟང་བས20%བཟུང་ཡོད།    རྩྭ་ས་བར་མས་15%བཟུང་ཡོད། རྩྭ་ས་ཞན་པས15%བཟུང་ཡོད།    རྩྭ་ས་མི་ལེགས་པས8%བཟུང་ཡོད།

རང་བྱུང་རྩྭ་ས་གཙོ་བོ་ནི་སེམས་ཀྱི་ཉི་ཟླའི་མངའ་ཁོངས་ནང་ཁྱབ་ཡོད་ཅིང་།  འཇོལ་རྫོང་དང་།   འབའ་ལུང་རྫོང་གི་མངའ་ཁོངས་ནང་རྩྭ་ས་ཁྱབ་པ་ཅུང་ཉུང་།   རྩྭ་སའི་རྣམ་པ་ཡི་ངོས་ནས་བཤད་ན།  མཐོ་གྲང་རྩྭ་ས་དེ་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3800ཡན་གྱི་མཐོ་སྒང་ས་ངོས་དང་རི་མཐོ་ཆགས་སའི་རྒྱུད་དུ་ཡོད།  གཙོ་བོ་སེམས་ཀྱི་ཉི་ཟླའི་རྒྱལ་ཐང་དང་ཡང་ཐང་།   སྐད་ཚག  གཏེར་མ་རོང་།  ལིའོ་ཅི་སོགས་ཤང་དང་གྲོང་རྡལ་སོགས་སུ་གཅིག་བསྡུས་ཀྱིས་ཁྱབ་ཡོད།  འཇོལ་རྫོང་གི་རི་ཁུལ་ས་གནས་དང་འབའ་ལུང་རྫོང་གི་འབའ་སྡེ།  ཡེ་ཀྲི། ཕག་དཀྲལ་སྒང་།  ཡུང་ཁྲུན།   མཐའ་ཆུ་སོགས་ཤང་དང་གྲོང་རྡལ་དུ་མཐོ་གྲང་རྩྭ་ས་འགའ་ཤས་ཆགས་ཡོད།    

ནགས་རྫོབ་སའི་རྩྭ་ས་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3800ནས་སྨི4700བར་གྱི་རི་མཐོའི་གནས་སུ་ཡོད་དེ།  གཙོ་བོ་སེམས་ཀྱི་ཉི་ཟླ་དང་།   འཇོལ་རྫོང་།  འབའ་ལུང་རྫོང་བཅས་སུ་ཅུང་ཙམ་ཁྱབ་ཡོད།  ནགས་ཁུལ་གྱི་རྩྭ་ས་ནི་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2500ནས་སྨི3600བར་གྱི་རི་ཁུལ་ནགས་དང་འབྲེལ་ས་དང་ནགས་སའི་བར་ན་ཡོད་ལ།   གཙོ་བོ་སེམས་ཀྱི་ཉི་ཟླའི་ཞོ་རྡོ་སྒང་དང་།   བེལ་མཐའ་མཚོ།  འཇོལ་རྫོང་གི་བྲག་ཞབས།ད་དུང་བདེ་ཆེན་ཁུལ་གྱི་ས་ཆ་གཞན་པ་ཁ་ཤས་སུ་ཐ་ཐོར་གྱིས་ཁྱབ་ཡོད།འདམ་གཞུང་རྩྭ་ས་ནི་གཙོ་བོ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3200ནས་སྨི3600བར་གྱི་ནགས་ཕག་མཚོ་དང་།  ཞོ་རྡོ་སྒང་།  བེལ་མཐའ་མཚོ་སོགས་འདམ་གཞུང་ཡོད་པའི་གནས་སུ་ཆགས་ཡོད་པ་རེད།

གནམ་གཤིས་ཀྱི་འགྱུར་ལྡོག་དང་ས་ངོས་ཀྱི་མཐོ་དམའ་དང་བསྟུན་ནས་རྩྭ་ས་ཆགས་ས་ཡང་མི་འདྲ་བ་དང་།    རེ་རེ་རང་རང་གི་ཁྱད་ཆོས་ལྡན་ཡོད།     བདེ་ཆེན་གྱི་ཡུལ་མི་རྣམས་ཀྱིས་ཞིང་ལས་དང་འབྲོག་ལས་གཉིས་ཀ་གཉེར་གྱི་ཡོད།   རྩྭ་སའི་ཐོན་ཁུངས་ཕུན་སུམ་ཚོགས་པས་སྒོ་ཕྱུགས་གསོ་སྐྱོང་བྱེད་པར་ཆ་རྐྱེན་བཟང་བོ་ཞིག་བསྐྲུན་ཡོད་པ་རེད།ལོ་ཕྱེད་རིང་དགུན་གྱི་ནམ་ཟླ་མང་ན་ཡང་ཟླ་བཅུ་བའི་བར་དུ་རྩྭ་སའི་ཁྱོན་ལ་མེ་ཏོག་རྣམ་པར་བཞད་ཡོད།   །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།