ཀྲུང་གོ་བོད་ཀྱི་དྲ་བ།

ཡུན་ནན་གྱི་གཞི་རིམ་ཏང་ཡོན་གྱིས་གསར་བརྗེའི་གླུ་གཞས་བཏང་སྟེ་འཕེལ་རྒྱས་ལ་བསྟོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འབའ་ལུང་རྫོང་ཀྲུང་ལུའུ་ཤང་ལ་ཀ་ལུའོ་གྲོང་སྡེའི་ཏང་ཀྲེ་པུའུ་དང་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་དམིགས་བསལ་གྱི་རྣམ་པ་བརྒྱུད་ནས།ལ་ཀ་ལུའོ་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་རྩ་འཛུགས་བྱས་ཏེ་ཏང་བཙུགས་ནས་ལོ་འཁོར96ལོན་པའི་སྐྱེས་སྐར་བསུ་བའི་བྱ་འགུལ་བསྡུས། ཐེངས་འདིའི་བྱ་འགུལ་དུ་ཏང་ཡོན144བྱ་འགུལ་དུ་ཞུགས་པ་མ་ཟད། ཏང་ཡོན་མིན་པའི་མང་ཚོགས་སོགས་ཁྱོན་བསྡོམས་མི200ལྷག་ཞུགས་ཡོད་པ་རེད།ལོ་ན་90ལོན་པའི་ལི་སུའུ་རིགས་ཀྱི་ཏང་ཡོན་རྒན་པ3ཡང་ཐེངས་འདིའི་བྱ་འགུལ་དུ་ཞུགས་ཡོད།ཉེ་འཁོར་གྱི་གྲོང་ཚོའི་གྲོང་མི་རྣམས་ཀྱང་འདིར་ཕེབས་ནས་བྱ་འགུལ་ལ་རྟེན་འབྲེལ་ཞུ་བ་རེད།ཡུལ་དངོས་སུ་མིས་བཀང་ཡོད་ལ་ཧ་ཅང་འདུ་འཛི་ཆེ།

1499137080951352.jpg

ཏང་ལ་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱེད་པ།

1499137080421274.jpg

ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་ཡུལ་དངོས།

ཐེངས་འདིའི་བྱ་འགུལ་ནི་གསར་བརྗེའི་གླུ་གཞས་བཏང་ནས།ཏང་གི་དྲིན་ཚོར་བ་དང་འཕེལ་རྒྱས་ལ་བསྟོད་པ་ཞེས་པ་བརྗོད་གཞི་བྱས་ཏེ། ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པའི་ཚིག་བསྐྱར་དྲན་བྱས་པ་དང་། ཏང་གི་སློབ་ཚན་ཁྲིད་པ། ཁྲིམས་ལུགས་དྲིལ་བསྒྲགས། རིག་རྩལ་འཁྲབ་སྟོན། ཤེས་བྱ་འགྲན་བསྡུར། སྔོན་ཐོན་ལ་གཟེངས་བསྟོད་སོགས་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད།

1499137080555160.jpg

ཏང་གི་ཤེས་བྱའི་འགྲན་བསྡུར་གྱི་ཡུལ་དངོས།

1499137080835108.jpg

ཤེས་བྱར་ལན་འདེབས་པའི་ཡུལ་དངོས།

ཐེངས་འདིའི་བྱ་འགུལ་དུ།ལི་སུའུ་རིགས་དང་རྒྱ་རིགས།བོད་རིགས་སོགས་མི་རིགས་ཀྱི་རིག་རྩལ་འཁྲབ་ཚན་རིགས26ཡོད་པ་དང་།གར་གྱི་སྟངས་སྟབས་ཀྱིས་རྫ་ཆུར་གཡོ་འགུལ་ཐེབས་ལ།ངག་གི་འགྱུར་ཁུག་གཙང་གསུམ་བཞུར་རྒྱུན་དུ་གྲགས་བཞིན་ལི་སུའུ་རིགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བླངས་པ་དང་།ལྷག་པར་དུ་དབུལ་སྐྱོར་གནད་འཕིགས་ལ་བསྟོད་གླུ་བླངས།

ཀྲི་པུའུ་དང་པོ།

1499137080617260.jpg

ཀྲི་པུའུ་དང་པོས་ཞབས་བྲོ་《ལྭ་བ་འཁྲུ་བའི་གཞས》འཁྲབ་བཞིན་པ།

1499137080937294.jpg

ཀྲི་པུའུ་དང་པོས《ཀྭ་ཁྲི་ལི་སུའུ》འཁྲབ་བཞིན་པ།

1499137080363110.jpg

ཀྲི་པུའུ་དང་པོས་མཉམ་གླུ་གཏོང་བ།

ཀྲི་པུའུ་གཉིས་པ།

1499137080521160.jpg

ཀྲི་པུའུ་གཉིས་པས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

1499137080963615.jpg

ཀྲི་པུའུ་གཉིས་པས་《ཨ་མའི་གཅེས་ཕྲུག་》འཁྲབ་སྟོན་བྱེད་བཞིན་པ།

ཀྲི་པུའུ་གཉིས་པས་《ཨ་ཐའེ་ཨོ་སྨི་སི་པའི་དམངས་གླུ》འཁྲབ་སྟོན་བྱེད་བཞིན་པ།

1499137081568856.jpg

ཀྲི་པུའུ་གཉིས་པས་《ལི་སུའུ་རིགས་ཀྱི་ཝ་ཆི》འཁྲབ་སྟོན་བྱེད་བཞིན་པ།

ཀྲི་པུའུ་གསུམ་པ།

1499137081608230.jpg

ཀྲི་པུའུ་གསུམ་པས་《སྨི་ནའེ་ཐིའེ་སི》འཁྲབ་སྟོན་བྱེད་བཞིན་པ།

1499137081314595.jpg

ཀྲི་པུའུ་གསུམ་པས་《ཝུའུ་ས་ཡི་ཞུས་གི་ལེ》འཁྲབ་སྟོན་བྱེད་བཞིན་པ།

1499137081290061.jpg

ཀྲི་པུའུ་གསུམ་པས་《བསོད་ནམས་ཡར་འགྲོ་ལ》འཁྲབ་སྟོན་བྱེད་བཞིན་པ།

1499137081483050.jpg

ཀྲི་པུའུ་གསུམ་པས་《རུང་ཙུའེ་ཧེ་ཉིང་》འཁྲབ་སྟོན་བྱེད་བཞིན་པ།

གཞན་དག།

1499137081536867.jpg

ཧྲེ་ཀེན་ཏིན་གྲོང་མི་རྣམས་ཀྱིས་《རྐང་བཅུ་གཉིས་》འཁྲབ་སྟོན་བྱེད་བཞིན་པ།

1499137081954304.jpg

ཝུའུ་ཏུའེ་གྲོང་སྡེའི་གྲོང་མི་རྣམས་ཀྱིས་ལི་སུའུ་རིགས་ཀྱི་གླུ་དབྱངས་《ཏང་གི་སྲིད་ཇུས་ཨ་ཁོ་ཅི》ལེན་པ།

1499137081748122.jpg

ཞང་པི་ཧྲན་ཏུའེ་གྲོང་མིས་《སྙིང་ཉེ་བའི་བུ་མོ་》འཁྲབ་སྟོན་བྱེད་བཞིན་པ།

1499137081702672.jpg

ཞང་པི་ཧྲན་ཏུའེ་གྲོང་མིས་《ཙུའེ་ཞིན་ཧྲི》འཁྲབ་སྟོན་བྱེད་བཞིན་པ།

1499137081625371.jpg

ཙན་ལི་གྲོང་སྡེའི་གྲོང་མི་རྣམས་ཀྱིས་《བདེ་སྐྱིད་འགྱུར་ཁུག》འཁྲབ་སྟོན་བྱེད་བཞིན་པ།

1499137081625669.jpg

ཀྲུང་ལུའུ་ཏུའེ་སྡེ་མི་རྣམས་ཀྱིས་《དུས་རབས་གསར་བར་སྐྱོད་པ》འཁྲབ་སྟོན་བྱེད་བཞིན་པ།

1499137081798268.jpg

ཡུལ་དངོས་ཀྱི་ལྟད་མོ་བ།

འབའ་ལུང་རྫོང་ཀྲུང་ལུའུ་ཤང་ལ་ཀ་ལུའོ་གྲོང་སྡེ་ནི་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་དབུལ་སྐྱོར་ཟུང་འབྲེལ་འབྲེལ་གཏུགས་ས་ཚིགས་ཡིན་པ་དང་།ལོ་མང་པོའི་རིང་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་གྲོང་སྡེ་འདི་ལ་དབུལ་སྐྱོར་ལས་ཀ་སྤེལ་བ་དང་།ལྷག་པར་དུ་དབུལ་སྐྱོར་གནད་འཕིགས་སྤེལ་བ་བརྒྱུད་གྲོང་སྡེ་འདི་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།