ཀྲུང་གོ་བོད་ཀྱི་དྲ་བ།

བདེ་ཆེན་ཁུལ་གྱིས་ཤམ་བྷ་ལ་དུས་འཁོར་བློས་བསླངས་ཀྱི་བོད་ཀྱི་རིག་གནས་འཚོལ་བའི་འགྲུལ་བཞུད་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།     སྤེལ་དུས། : 2017-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཤམ་བྷ་ལ་དུས་འཁོར་བློས་བསླངས་ཀྱི་བོད་ཀྱི་རིག་གནས་འཚོལ་བའི་འགྲུལ་བཞུད་བྱེད་སྒོ་དེ་ཤམ་བྷ་ལ་དུས་འཁོར་བློས་བསླངས་ཐང་ཆེན་ནས་འགོ་བརྩམས་པ་རེད།  བྱེད་སྒོའི་ཐོག་ཡུན་ནན་ཁྲོན་ཁྲེང་དགོང་མོའི་ཚགས་པར་དང་ཐེང་ཞོན་ཡུན་ནན་སོགས་ཀྱི་སྨྱན་བྱད་གཙོ་བོ་གདན་ཞུ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་མི་རྣམས་ལ་སྔར་ལས་ལྷག་པའི་སྒོ་ནས་དུས་འཁོར་བློས་བསླངས་དང་།བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་ཡོད།  ཤམ་བྷ་ལ་དུས་འཁོར་བློས་བསླངས་ཀྱི་འགྲེམས་ཁུལ་ནང་དུ་དཀྱིལ་འཁོར་དང་ལྡེབས་རིས། ཐང་ག སྐུ་འདྲ།  འཚོ་བའི་སྤྱོད་ཆས་སོགས་ཀྱི་རིག་དངོས་བཤམས་ཡོད་ལ།བྱེད་སྒོའི་བར་སྐབས་སུ་ཕྱོགས་ཡོངས་ནས་འཆམ་མཐུན་མཛེས་སྡུག་གི་ཤམ་བྷ་ལའི་རིག་གནས་མངོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།