ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་འདབས་སྡེ་ཁུལ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ec888feb507c1b60bcaf04.png

ཟླ10པའི་ཚེས28ཉིན་གྱི་ཕྱི་དྲོའི་དུས་ཚོད3སྟེང་། ཚོགས་ཆེན་བཅུ་དགུ་པའི་ཏང་གི་འཐུས་མི་དང་། བདེ་ཆེན་ཁུལ་ཏང་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རིན་ཀུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་འདབས་སྡེ་ཁུལ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་སྤེལ་བྱས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ཉིན་གྱི་ཕྱི་དྲོའི་དུས་ཚོད3སྟེང་། ཚོགས་ཆེན་བཅུ་དགུ་པའི་ཏང་གི་འཐུས་མི་དང་། བདེ་ཆེན་ཁུལ་ཏང་ཨུའི་ཧྲུའུ་ཅི། ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རིན་ཀུའུ་ཁུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བྱང་འདབས་སྡེ་ཁུལ་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་སྤེལ་བྱས། ཀུའུ་ཁུན་གྱིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་གོང་བུ་གཅིག་སྒྲིལ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་འགྲུབ་པར་འབད་པ་བྱས་ཏེ། ཧུར་ཐག་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་དངོས་ནང་ཟབ་ཞུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བདེ་ཆེན་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་སྐུལ་འདེད་གཏོང་དགོས།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུ་དང་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་ཁྲིད། སྡེ་ཁུལ་གྱི་མང་ཚོགས་སོགས་བསྡོམས་པས་མི150ལྷག་གིས་སྒྲོག་སྤེལ་ལ་ཉན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།